འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་9ཉིན།

༄༅།།ཡུལ་ཤུལ་གྱི་འབྲི་ཆུའི་འགྲམ་གྱི་གླག་རྒོད་སྒྲོ་མཇུག་དཀར་པོ་མཐོང་། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་09ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།ཡུལ་ཤུལ་གྱི་འབྲི་ཆུའི་འགྲམ་གྱི་གླག་རྒོད་སྒྲོ་མཇུག་དཀར་པོ་མཐོང་།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར་པར་ལེན་མཁན་ཞིག་གིས་ཡུལ་ཤུལ་གྱི་འབྲི་ཆུའི་འགྲམ་དུ་གླག་རྒོད་སྒྲོ་མཇུག་དཀར་པོས་ཟས་འཚོལ་བར་རིག་ནས་པར་བླངས་ཡོད།  གླག་རྒོད་སྒྲོ་མཇུག་དཀར་པོ་ནི་འདབ་ཆགས་གཏུམ་དྲག་ཅན་གྱི་གྲས་སུ་གཏོགས་ཤིང་། དེ་ནི《འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ》(IUCN)གྱི་རྩ་མེད་དུ་འགྲོ་ཉེན་ཆེ་བའི་སྲོག་ཆགས་ཀྱི་མིང་ཐོ་དམར་པོར་བཀོད་ཡོད་པ་དང་། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན། ཟས་སུ་ཉ་གཙོར་བྱས་ཏེ། མཚོ་དང་མཚེའུ། ཆུ་ཁ་སོགས་སུ་འཚོ་གནས་བྱེད། ཀྲུང་གོའི་ནང་སོག་དང་ཧེ་ལང་ཅང་། ཀན་སུའུ་སོགས་སུ་ཡོད། 
【1】  【2】  【3】
༄༅།།ཡུལ་ཤུལ་གྱི་འབྲི་ཆུའི་འགྲམ་གྱི་གླག་རྒོད་སྒྲོ་མཇུག་དཀར་པོ་མཐོང་།