འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་8ཉིན།

༄༅།།བོད་རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་གཉིས་འཚོག་ལ་ཉེ་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་08ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།བོད་རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་གཉིས་འཚོག་ལ་ཉེ་བ།
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། གསར་འགོད་པས་ཚོགས་ཐོག་ནས་ཤེས་རྟོགས་བྱུང་གསལ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པ་ནི་ཟླ་1ཚེས་10ཉིན་ནས་ཚེས་14ཉིན་གྱི་ཕྱི་དྲོའི་བར་ཁྱོན་ཉིན་5ལ་འཚོག་རྒྱུ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གཉིས་པ་ནི་ཟླ་1ཚེས་9ཉིན་ནས་ཚེས་13བར་ལྷ་སར་འཚོག་རྒྱུ་རེད། 
     ད་ལོའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་ཆེན་སྟེང་སྲིད་གཞུང་གི་ལས་དོན་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱ་རྒྱུ་དང་། བོད་རང་སྐྱོང་ལྗོངས་ཀྱི2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་བཅས་ལ་ཞིབ་བཤེར་དང་ཆོག་མཆན་དགོད་རྒྱུ་ཡིན་ཞིང་། སྲིད་གྲོས་ཚོགས་འདུའི་ལས་འགན་གཙོ་བོ་ནི་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱ་རྒྱུ་དང་། རྒྱུན་ལས་ཨུ་ཡོན་ཁ་སྣོན་བྱ་རྒྱུ་བཅས་རེད། 
     མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་གཉིས་ཀྱི་མི་དམངས་འཐུས་མི་དང་སྲིད་གྲོས་ཨུ་ཡོན་རྣམས་གཅིག་རྗེས་གཉིས་མཐུད་དུ་ལྷ་སར་འབྱོར་ཏེ་འབྱོར་ཐོ་འགོད་བཞིན་ཡོད།