འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་8ཉིན།

༄༅།།གཙང་གསུམ་ཆུ་འགོའི་ཆུ་ཁོངས་སུ་ཕྱི་ནས་ཡིན་པའི་ཉ་རིགས་ཚེ་ཐར་གཏོང་མི་ཆོག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་08ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་ཉེ་ཆར་བརྡ་ཁྱབ་བཏང་ནས། ད་ལོའི་ཟླ་1ཚེས་1ཉིན་ནས་བཟུང་། གཙང་གསུམ་ཆུ་འགོའི་ཆུ་ཁོངས་སུ་ཕྱི་ནས་ཡིན་པའི་ཉ་རིགས་ཚེ་ཐར་གཏོང་བའི་བྱེད་སྒོ་གཏན་འགོག་བྱས་པ་དང་། དེ་ལས་འགལ་མཁན་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད། བརྡ་ཁྱབ་ནང་གསལ་པོ་བསྟན་དོན། ཞིང་འབྲོག་ཉ་ལས་སྡེ་ཚན་གྱིས་འགན་འཁུར་ནས། ཡུལ་ཤུལ་ཁུལ་ནང་ཁོངས་ཀྱི་ཉ་རིགས་ཕུད། གཞན་མི་སྒེར་རམ་ཚོགས་པས་ཕྱི་ནས་ཡིན་པའི་ཉ་རིགས་ཚེ་ཐར་གཏོང་བའི་བྱེད་སྒོ་ཚང་མ་གཏན་འགོག་བྱས་པ་དང་། བཀག་རྒྱ་བྱ་ཡུལ་ས་ཁོངས་ནི་ཡུལ་ཤུལ་ཁུལ་ནང་ཁོངས་ཀྱི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་དང་དེ་བཞིན་ཡན་ལག་ཆུ་བོ་དང་མཚོ། ཆུ་མཛོད་སོགས་སྤྱི་པའི་ཆུ་ཁོངས་ཡིན་པ་རེད།