འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་8ཉིན།

༄༅།།བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚོས་གཅིག་རྗེས་
གཉིས་མཐུད་ངང་འབྱོར་ཐོ་འགོད་བཞིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་08ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚོས་གཅིག་རྗེས་
གཉིས་མཐུད་ངང་འབྱོར་ཐོ་འགོད་བཞིན་པ།
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་6ཉིན། ཁྲིམས་ལྟར་འགན་འཁྲི་ཟབ་མོ་དང་། ལྗོངས་ཡོངས་ཀྱི་མི་དམངས་ཀྱི་མངག་བཅོལ་ཟབ་མོ་ཕྲག་ཐོག་ཏུ་འཁུར་ནས། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚོ་གཅིག་རྗེས་གཉིས་མཐུད་ངང་ལྷ་སར་འབྱོར་བ་དང་། ཚོགས་ཆེན་ལ་འབྱོར་ཐོ་འགོད་བཞིན་ཡོད། འབྱོར་ཐོ་འགོད་སའི་ཡུལ་དངོས་ནས་ལག་ཁྱེར་དང་།  དཔྱད་གཞིའི་ཡིག་ཆ། ཁང་པའི་གཱ་སོགས་ལེན་པ་དང་། ལས་སྒྲུབ་མི་སྣས་རང་རང་གི་འོས་འགན་བསྒྲུབ་བཞིན་ཡོད་པས། འཐུས་མི་དང་ཨུ་ཡོན་ཚོའི་འབྱོར་ཐོ་འགོད་པའི་རྒྱུད་རིམ་གོ་རིམ་ལྡན་པ་ཞིག་ཡོད། འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྲིད་གྲོས་ཨུ་ཡོན་གྱིས་སྡོད་གནས་ནས་ལག་ཁྱེར་དང་ཚོགས་འདུའི་དཔྱད་གཞིའི་ཡིག་ཆ་ལེན་བཞིན་པ།