འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་8ཉིན།

༄༅༎རྒྱལ་ཁབ་ཁག་གི་དགུན་དུས་ཆུ་རྐྱལ་ལུས་རྩལ་པས་རྨ་ཆུ་བརྒལ་བ།
ཀྲུང་གོའི་བདམས་ཐོན་པར་ཨང་དང་པོ་མང་པོ་ཐོབ་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་08ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། སྐབས་དགུ་པའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི(དགུན་དུས)རྨ་ཆུ་བརྒལ་བའི་མཐར་ཟད་འགྲན་སློང་རྩེར་སོན་འགྲན་བསྡུར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་དུ་མཇུག་འགྲིལ་བ་དང་། ཀྲུང་གོའི་བདམས་ཐོན་པས་རྣམ་གྲངས་ཁག་8ཀྱི་ཨང་དང་པོ་6བླངས་ཡོད་པ་རེད། འགྲན་བསྡུར་བྱ་ཡུལ་གྱི་ས་བབ་མཐོ་ཚད་སྨི་2200ཙམ་ཟིན་པ་དང་། འགྲན་བསྡུར་བར་ཐག་སྨི་500ཡིན་པ་རེད། འགྲན་བསྡུར་དེ་ལོ་ཚད་དང་ཕོ་མོ་གཞིར་བཟུང་སྐྱེས་པ་དང་བུད་མེད་ཀྱི་A B C Dབཅས་ཀྱི་ཚོགས་ཆུང་བརྒྱད་ལ་ཕྱེ་ཡོད་པ་རེད།
     ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི(དགུན་དུས)རྨ་ཆུ་བརྒལ་བའི་མཐར་ཟད་འགྲན་སློང་རྩེར་སོན་འགྲན་བསྡུར་ལ་ས་བབ་མཐོ་བ་དང་། ཆུ་གྲང་ངར་ཆེ་བ། ཆུ་རྒྱུག་ཤུགས་ཆེ་བ། གསོ་རླུང་དཀོན་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པས་རྒྱལ་སྤྱིའི་ཆུ་རྐྱལ་མཐུན་ཚོགས་ཀྱི་ཡོངས་བསྒྲགས་ཆུ་ཁོངས་ཀྱི་རྒྱལ་སྤྱིའི་འགྲན་བསྡུར་བྱེད་སྒོའི་ནང་གཞན་དང་མི་འདྲ་བ་ཞིག་ཡོད་པ་རེད། སྐབས་འདིའི་འགྲན་བསྡུར་ལ་འཇར་མན་དང་། ཨ་རི། ཨུ་རུ་སུ། ཧྥ་རན་སེ་སོགས་རྒྱལ་ཁབ་དང་ས་ཁུལ་17གྱི་ལུས་རྩལ་པ་122ཞུགས་ཡོད་པ་རེད།