འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་8ཉིན།

༄༅༎སེམས་ཀྱི་རི་མོ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་07ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎སེམས་ཀྱི་རི་མོ།
     མི་དམངས་དྲ་བའི་འཕྲིན། མཛེས་རྩལ་ཆེད་ལས་ཀྱི་སློབ་ཁྲིད་གྲུབ་འབྲས་སྔར་བས་ལེགས་པའི་སྒོ་ནས་འགྲེམས་སྟོན་བྱ་ཆེད། ཉེ་ཆར། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་རི་མོ་སློབ་གསོའི་མཐར་ཕྱིན་འཛིན་གྲྭའི་སློབ་མ་ཁ་ཤས་ཀྱིས་མཐར་ཕྱིན་བརྩམས་ཆོས་འགྲེམས་སྟོན་བྱས་པ་དང་། དགེ་སློབ་མང་པོ་ལྟད་མོ་ལྟ་བར་བཀུགས་ཡོད། 
     སྐལ་བཟང་དང་། བསོད་ནམས་བསྟན་འཛིན། ངག་དབང་ཆོས་གྲགས། ཀརྨ་རྒྱ་མཚོ་བཅས་སློབ་མ་བཞི་ནི་ད་རེས་འགྲེམས་སྟོན་བྱེད་མཁན་གཙོ་བོ་ཡིན་ཞིང་། ཁོ་ཚོས་མཉམ་དུ་རི་མོའི་བརྩམས་ཆོས་100ལྷག་འགྲེམས་སྟོན་བྱས་ཡོད་པ་སྟེ། སྣུམ་ཚོན་རི་མོ་དང་། སྐྱ་བྲིས། ཇུས་འགོད་བརྩམས་ཆོས་བཅས་ཡོད་ཅིང་། མཛེས་ཉམས་དོད་ཅིང་ཚོན་མདོག་རྣམ་པར་བཀྲ་བའི་བརྩམས་ཆོས་དག་ལས། ཚོན་སྣུམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཟབ་མོ་མངོན་ཡོད། བརྩམས་ཆོས་དེ་དག་མ་གཞི་ནས་འཚོ་བའི་ནང་གཞི་ཚུགས་ཤིང་ཐུན་མོང་མ་ཡིན་པའི་བསམ་བཀོད་ལྡན་པས། རི་མོ་སྡེ་ཁག་གི་སློབ་མའི་དངོས་ཡོད་སྟོབས་ཤུགས་ཡང་དག་མཚོན་ཡོད།
     འགྲེམས་སྟོན་ཁང་ནང་ལྟ་སྐོར་དུ་ཡོང་མཁན་ནི་རྒྱུན་ཆད་མེད་ལ། ཚང་མས་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན། ལྟད་མོའི་རང་བཞིན་བཅས་གཞི་གཅིག་ཏུ་གྱུར་བའི་བརྩམས་ཆོས་དག་ལ་གདེང་འཇོག་མཐོན་པོ་བྱས་ཤིང་། བརྩམས་ཆོས་འདི་དག་ནི་འཚོ་བ་མཚོན་ཚུལ་ངོ་མ་ཡིན་ལ་འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་བའི་རེ་སྨོན་ཡང་ཡིན་པ་དང་། ན་གཞོན་ཚོའི་སེམས་ཤུགས་ལས་གྲུབ་པའི་བརྩམས་ཆོས་དེ་བས་ཀྱང་ཡིན།
     བརྩམས་ཆོས《ཁྱིམ》ནས་སྣུམ་ཚོན་རི་མོའི་ཐོག་ནས་གཞིས་རྩེ་ཞིང་ཁུལ་གྱི་སྲོལ་རྒྱུན་ཁང་པའི་བཟོ་བཀོད་ཀྱི་ཁྱད་ཆོས་མངོན་ལ། ཁྱིམ་གྱི་སྒོ་འགྲམ་ན་ད་དུང་ལུག་གཉིས་ཀྱིས་སྣང་བ་སྐྱིད་པོའི་ངང་རྩྭ་བཟའ་བཞིན་ཡོད། ལྟ་སྐོར་དུ་ཡོང་མཁན་སློབ་མ་ཞིག་གིས“རི་མོ་འདིས་སྐད་ཅིག་ཉིད་དུ་ང་རང་ལ་ཕ་ཡུལ་དྲན་དུ་བཅུག”ཟེར།
     བརྩམས་ཆོས《དེང་རབས་ཀྱི་སློབ་གྲྭ་ཆེན་མོ་བའི་ཉིན་གཅིག》ནས་གློག་རྡུལ་རྩེད་མོ་དང་། ལྦུ་ཆང་། དཔེ་ཀློག་བཅས་ཀྱི་རྣམ་པ་བརྒྱུད་ནས་ད་ལྟའི་སློབ་གྲྭ་ཆེན་མོ་བའི་ཉིན་གཅིག་གི་འཚོ་བའི་རྣམ་པ་མཚོན་ཡོད་པ་རེད། བརྩམས་ཆོས་དེའི་ཆ་ཤས་སུ་ཤེལ་ཆག་བེད་སྤྱོད་བྱས་ཡོད་ལ། མི་རྣམས་ཀྱིས་ཤེལ་ཆག་གི་ཁྲོད་ནས་དོ་སྣང་བྱེད་ཤུགས་ཐར་ཐོར་དུ་གྱུར་བའི་རང་ཉིད་ཀྱི་སྣང་བརྙན་མཐོང་ཐུབ་པས། སློབ་གྲྭ་ཆེན་མོ་བ་ཚོས་སེམས་ཤུགས་གཅིག་བསྡུས་ཀྱིས་ཉིན་རེའི་ལས་འགན་ལེགས་འགྲུབ་བྱ་དགོས་པ་ལས། རྩེད་འཇོ་དང་རོལ་རྩེད་ཁྲོད་ལ་སེམས་ཆགས་ནས་རང་ཉིད་བོར་མི་རུང་བ་མཚོན་ཡོད།
【1】  【2】  【3】  【4】  【5】
༄༅༎སེམས་ཀྱི་རི་མོ།