འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་7ཉིན།

༄༅།།ཁྲེན་ཡུང་ཆི་ནི་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལ་བསྐོས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་07ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅།།ཁྲེན་ཡུང་ཆི་ནི་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལ་བསྐོས།
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན། 《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་། བོད་རང་སྐྱོང་ལྗོངས་ཏང་ཨུ་རྩ་འཛུགས་པུའུ་ཡིས་ལས་ཁུངས་ཀྱི་ལས་བྱེད་པའི་ཚོགས་ཆེན་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུ་རྩ་འཛུགས་པུའི་འགོ་ཁྲིད་བློ་མཐུན་གཙོ་བོའི་ལས་གནས་བསྐོ་གཞག་གི་ཆོད་དོན་ཁྱབ་བསྒྲགས་བྱས་པ་སྟེ། བློ་མཐུན་ཁྲེན་ཡུང་ཆི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལ་བསྐོ་གཞག་བྱས་པ་ཁྱབ་བསྒྲགས་བྱས། 
     བློ་མཐུན་ཁྲེན་ཡུང་ཆི་ཡི་ལོ་རྒྱུས་མདོར་བསྡུས། 
     ཁྲེན་ཡུང་ཆི། སྐྱེས་པ། རྒྱ་རིགས། 1967ལོའི་ཟླ་11པར་སྐྱེས། ཧྲན་ཞི་ཧོའེ་རེན་ནས་ཡིན། 1992ལོའི་ཟླ་7པར་ལས་ཀར་ཞུགས་ཤིང་། 1985ལོའི་ཟླ་12པར་ཀྲུང་གོའི་གུང་ཁྲན་ཏང་དུ་ཞུགས། ཞིབ་འཇུག་སློབ་མའི་སློབ་རིམ་དང་། མཚན་ཉིད་རིག་པའི་འབུམ་རམས་པའི་མཚན་གནས་ཡོད། 
      1985.09--1989.07 ཧྲན་ཞི་དགེ་འོས་སློབ་ཆེན་རྩིས་རིག་ཚན་ཁག་ཏུ་སློབ་སྦྱོང་གནང་།
      1989.07--1992.07 བྱང་ཤར་ནོར་དཔལ་སློབ་ཆེན་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་གྲངས་ཚད་དཔལ་འབྱོར་ཆེད་ལས་རབ་འབྱམས་པའི་ཞིབ་འཇུག་སློབ་མ།
      1992.07--1993.04 ལིའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་གསར་སྤེལ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཅུས་ཀྱི་ཁའོ་ཡོན།
      1993.04--1997.07 ཧྲན་ཞི་ཞིང་ཨུ་སྲིད་ཇུས་ཞིབ་འཇུག་ཁང་གི་ཁའོ་ཡོན་དང་ཀྲུའུ་རེན་ཁའོ་ཡོན།
      1997.07--1998.03ཧྲན་ཞི་ཞིང་ཆེན་ཨུ་ལྷན་སྲིད་ཇུས་ཞིབ་འཇུག་ཁང་གི་ལས་རོགས་ཞིབ་འཇུག་པ།
      1998.03--2000.02ཧྲན་ཞི་ཞིང་ཨུ་སྲིད་ཇུས་ཞིབ་འཇུག་ཁང་བཟོ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ།(ལས་ཀ་གཙོ་སྐྱོང་གནང་།)
     2000.02--2004.08 ཧྲན་ཞི་ཞིང་ཨུ་སྲིད་ཇུས་ཞིབ་འཇུག་ཁང་གི་བཟོ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་།
     2004.08--2006.11ཧྲན་ཞི་ཞིང་ཨུ་སྲིད་ཇུས་ཞིབ་འཇུག་ཁང་གི་ནོར་སྲིད་ཉོ་ཚོང་ཁྲུའུ་ཡི་ཁྲུའུ་ཀྲང་།
     2006.11--2008.03 ཧྲན་ཞི་ཞིང་ཨུ་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ། 
      2008.03--2009.04ཧྲན་ཞི་ཞིང་ཆེན་སྲིད་གཞུང་གི་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ།
     2009.04--2011.01ཧྲན་ཞི་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཞིབ་འཇུག་ཁང་གི་ཀྲུའུ་རེན།
     2011.01--2011.03ཧྲན་ཞི་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི། དྲུང་ཆེན་གཞོན་པ། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་ཞིབ་འཇུག་ཁང་གི་ཀྲུའུ་རེན།
     2011.03--2011.05 ཧྲན་ཞི་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེན། ཏང་ཙུའུ་ཁོངས་མི། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ཏང་ཙུའུ་ཧྲུའུ་ཅི།
      2011.05--2013.02 ཧྲན་ཞི་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེན། ཏང་ཙུའུ་ཁོངས་མི། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་དང་། ཞིང་ཆེན་སྲིད་གཞུང་གི་འཕྲལ་སྡོམ་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན།(གཅིག་ལྕོགས)
     2013.02--2013.04 དབྱང་ཆོན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་འགོ་འཛིན་གྱི་ལས་ཚབ།
      2013.04--2015.11 དབྱང་ཆོན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་འགོ་འཛིན། (དེའི་རིང་ལ་2015.07--     2015.11 གྲོང་ཁྱེར་ཨུ་ལྷན་གྱི་ལས་ཀ་གཙོ་སྐྱོང་གནང་།)
     2015.11--2018.01 དབྱང་ཆོན་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི། 
      2018.01--2019.01 ཧྲན་ཞི་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཁོངས་མི། 
     2019.01ནས་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་།