འཚོལ་བཤེར།   
藏文频道
2019ལོའི་ཟླ་1ཚེས་2ཉིན།

༄༅༎གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་འགྲུབ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 01ཚེས་02ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་གཡག་རྔ་ནས་དར་རྩེ་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་རྫོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་རེད། ཟམ་ཆེན་འདིའི་རིང་ཚད་ལ་སྨི་1411ཡོད་ཅིང་བརྒལ་ཐག་ཧ་ཅང་རིང་བའི་ངར་ལྕགས་གདུང་མའི་དཔྱངས་ཟམ་ཞིག་ཡིན་ལ། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭ་གཙོ་བོའི་གྲས་ཤིག་ཡིན། “ཁྲོན་བོད་ཀྱི་ཟམ་ཆེན་དང་པོ” ཞེས་འབོད།

     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་31ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་12ཚེས་31ཉིན་གྱི་སྔ་དྲོ་8:30ལ། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཟླ་9སྔ་སྣུར་བྱས་ནས་བསྐྲུན་ཟིན་པ་མ་ཟད་རླངས་འཁོར་ཤར་གཏོང་གི་ཚོད་ལྟ་བྱས་པ་རེད། དུས་འདི་ནས་བཟུང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་གནས་ཡུལ་དར་མདོ་གྲོང་ཁྱེར་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་དེ་མཇུག་བསྒྲིལ་བ་རེད། དེ་དང་དུས་མཚུངས་སུ་སི་ཁྲོན་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་7238ཟིན་པ་རེད།
     གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཁྲེང་ཏུའུ་བདེ་ཐང་དང་དཀར་མཛེས་བོད་རིགས་ས་ཁུལ་སྦྲེལ་མཐུད་བྱས་ནས་བོད་ལྗོངས་སུ་བགྲོད་པའི་འགྲོ་ལམ་གལ་ཆེན་ཞིག་ཡིན་ལ། དེ་ནི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བའི་སི་ཁྲོན་གཡག་རྔ་ནས་ཤིན་ཅང་ཡེ་ཁྲེང་བར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྣམ་གྲངས་དེ་གཡག་རྔ་གྲོང་ཁྱེར་གྱི་ཡུས་ཁྲེང་ཆུས་ནས་འགོ་བཙུགས་ལ། ནུབ་ཕྱོགས་སུ་ཐེན་ཆོན་རྫོང་དང་ལྕགས་ཟམ་རྫོང་བརྒྱུད་ནས་དར་མདོའི་གྲོང་ཁུལ་ཤར་མར་སླེབས་ཡོད། སྤྱིའི་རིང་ཚད་ལ་སྤྱི་ལེ་135ཡོད་པ་དང་། ཕྱོགས་གཉིས་སུ་འཁོར་ལམ་བཞི་ཡོད། ཇུས་འགོད་ཀྱི་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་80ཡིན་ལ། ཟམ་པ་དང་ཕུག་ལམ་གྱིས་སྤྱིའི་རིང་ཚད་82%བཟུང་། རགས་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་230བཏང་ཡོད།
     གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་འགྲུབ་རྗེས། ཁྲེང་ཏུའུ་ཡི་གྲོང་སྐོར་མྱུར་བགྲོད་གཞུང་ལམ་ནས་འགོ་བཙུགས་ན་ཆུ་ཚོད་3.5ཙམ་གྱིས་དར་རྩེ་མདོར་སླེབས་ཐུབ་པ་རེད། ད་ལྟ་དང་བསྡུར་ན་དུས་ཚོད་ཕྱེད་ཙམ་ཐུང་དུ་འགྲོ་རྒྱུ་ཡིན་པས། དཀར་མཛེས་བོད་རིགས་ས་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་ཇེ་བཟང་དུ་གཏོང་སྲིད་ལ། ས་གནས་དེ་གའི་མང་ཚོགས་ཕྱིར་སྐྱོད་པར་སྔར་བས་སྟབས་བདེར་འགྱུར་སྲིད།
【1】  【2】  【3】  【4】
གཡག་རྔ་ནས་དར་རྩེ་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་རྫོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ལ་རྒྱང་ལྟ་བྱེད་པའི་རྣམ་པ།
གཡག་རྔ་ནས་དར་རྩེ་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་རྫོང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ལ་རྒྱང་ལྟ་བྱེད་པའི་རྣམ་པ།