འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་29ཉིན།

༄༅།།པ་སངས་ཚེ་རིང་ལགས་ཀྱིས་དགའ་ཞེན་ཡོད་པས་དབང་གིས་ལས་ལ་འབད་ཟེར།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་29ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ལ་རྒྱང་ལྟ་བྱེད་པ།
གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ལ་རྒྱང་ལྟ་བྱེད་པ།
         མི་དམངས་དྲ་བའི་འཕྲིན། གུ་གེའི་གནའ་ཤུལ་དུ་འགྲོ་རྒྱུ་བྱུང་བ་ནི་ཅི་འདྲའི་བསོད་ནམས་ཆེ་བ་ཞིག་རེད་ཨང་། ཁྱེད་ཀྱི་མིག་ལམ་དུ་འཆར་ཡོང་བའི་ཡུལ་ལྗོངས་ཡོད་ཚད་ནི་སྐྱེ་བ་སྔ་ཕྱི་ཀུན་ལས་ཆེས་མི་སེམས་འགུལ་བ་དང་ཧ་ལས་པ་ཞིག་རེད། རང་བྱུང་ཁམས་ནས་ང་ཚོར་བྱུང་བའི་འགྱུར་བ་དང་ལོ་རྒྱུས་ཀྱི་བརྗིད་ཉམས་ཀྱི་ཚོར་སྣང་སྟེར་བ་དེ་པར་ཆས་ཀྱིས་ལེན་ཐབས་བྲལ། 
         དེ་བཞིན་དུ་ང་ཚོར་སེམས་འགུལ་ཐེབས་སུ་བཅུག་པ་དང་འབྲེལ་ཡི་རང་ཞུ་རྒྱུ་ནི། ངོ་མཚར་ཆེ་བའི་གནའ་བོའི་ཕོ་བྲང་འདིའི་ནང་། ལོ་28ལ་ཅན་གྱི་བོད་ལྗོངས་སློབ་ཆེན་ཐང་གའི་ཆེད་ལས་ཀྱི་བོད་རིགས་ཕོ་གསར་པ་སངས་ཚེ་རིང་ལགས་ཡོད་པ་དང་། ཁོང་ནི་རྩ་མདའ་རྫོང་གུ་གེའི་རྒྱལ་རབས་གནའ་ཤུལ་གྱི་དོ་དམ་པ་ཡིན།
          པ་སངས་ཚེ་རིང་ལགས་གུ་གེའི་གནའ་ཤུལ་གྱི་རི་འདབས་ཀྱི་ཁང་པ་འདིའི་ནང་དུ་སྡོད་པ་དང་། སྒོ་འགྲམ་གྱི་སྒེའུ་ཁུང་ཆུང་ཆུང་དེ་ནི་ཁོང་གི་ཁང་པའི་སྒེའུ་ཁུང་ཡིན། ཡུལ་སྐོར་བ་མང་པོ་ག་ཚོད་ཡོད་པའི་དབང་དུ་བཏང་ནའང་། ལོ་རྒྱུས་ཀྱི་གནའ་ཤུལ་དེ་ནི་སྔར་བཞིན་དབེན་པའི་གནས་ཤིག་ཡིན། ཁོར་ཡུག་འདི་ལྟ་བུ་ཞིག་ཏུ་པ་སངས་ཚེ་རིང་ལགས་ལོ་བཞིའི་རིང་ལ་བསྡད་པ་རེད། རང་ཉིད་ཀྱིས་གནས་འདིའི་ལྡེབས་རིས་ཀྱི་ནང་དོན་ཁ་ཤས་ད་དུང་རྒྱུས་ལོན་བྱུང་མེད་པའི་དབང་གིས། ཁོང་མུ་མཐུད་དུ་འདིར་སྡོད་རྩིས་ཡོད། སློབ་གྲྭ་ཐོན་མ་ཐག་པའི་སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་ལོ་བཞི་ནི་ཐུང་ཐུང་ཞིག་མིན་ཏེ། པ་སངས་ཚེ་རིང་ལགས་ཀྱི་ངོས་ནས་བརྗོད་ན། དེ་ནི་ཁོང་གིས་དཔེ་དེབ་རེ་རེ་བཀླགས་པ་དང་ཐང་ག་རེ་རེ་བཞེངས་པའི་ལོ་ཟླ་ཡིན།
           པ་སངས་ཚེ་རིང་ལགས་ཀྱི་ཉིན་རེའི་གཏན་འཇགས་ཀྱི་འཚོ་བ་ནི་ཞོགས་པ་སྔ་པོ་ནས་སྐོར་སྐྱོད་བྱེད་པ་དང་། དབྱར་ཁར་ཆར་པ་འགོག་པ། དགུན་དུས་གངས་གཙང་སེལ། ཁོར་ཡུག་གཙང་སྦྲ། ཡུལ་སྐོར་བའི་མི་གྲངས་ཚོད་འཛིན། ཡུལ་སྐོར་བར་ལམ་སྟོན་སྣེ་ཁྲིད། གུ་གེའི་གནའ་ཤུལ་གྱི་ཚོམས་ཆེན་ནང་དུ་ཡོད་པའི་ལྷ་སྐུ་དང་ལྡེབས་བྲིས་ལ་དོ་དམ་བཅས་བྱེད་པ་དང་། དེ་འཕྲོའི་དུས་ཚོད་ནང་རི་མོ་འབྲི་བ་དང་དཔེ་ཆ་ཀློག་པ། སྐབས་རེར་གུ་གེའི་རྒྱལ་རབས་ལ་ཞིབ་འཇུག་བྱེད་མཁན་གྱི་རིགས་གཅིག་མཁས་པར་འཕྲད་ཚེ་སྤེལ་རེས་གཏིང་ཟབ་བྱེད་ཀྱི་ཡོད།
          པ་སངས་ཚེ་རིང་ལགས་ཀྱིས་གུ་གེའི་གནའ་ཤུལ་ལ་དོ་དམ་ནན་ཏན་བྱེད་བཞིན་ཡོད། 
         པ་སངས་ཚེ་རིང་ལགས་ཀྱི་གུ་གེའི་རྒྱལ་རབས་ཀྱི་སྲུང་སྐྱོང་ལས་དོན་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། ཁོང་གིས་ལས་ཀ་དམ་ཚགས་སྒྲུབ་ཏེ། ཡུལ་སྐོར་བ་སོང་རྗེས་སྒོ་ལྕགས་དམ་པོར་རྒྱག་གི་ཡོད། ཁོང་གིས་ང་ཚོར་སྲུང་སྐྱོང་གི་བྱ་བ་ངེས་པར་དུ་ལེགས་པར་སྒྲུབ་དགོས་ཤིང་། དེ་ལྟར་མ་བྱས་ན་དངོས་པོ་མང་པོ་ཞིག་བརླག་འགྲོ་སྲིད་ཅེས་ནན་བཤད་གནང་བྱུང་།
          ཁོང་ལ་གནས་འདིར་ལོ་མང་པོར་ལྟ་སྐྱོང་བྱེད་པའི་སེམས་ཤུགས་འབྱུང་རྐྱེན་ཅི་ཞིག་ཡིན་ཞེས་དྲིས་སྐབས། པ་སངས་ཚེ་རིང་ལགས་ཀྱི་དལ་དལ་ལྷོད་ལྷོད་ངང“དགའ་ཞེན་ཡོད་པས་རེད། ང་རང་ཉིད་ཀྱིས་བྱེད་པའི་བྱ་བར་དགའ་པོ་ཡོད། མི་ཞིག་གིས་རང་ཉིད་དགའ་བའི་བྱ་བ་ཞིག་སྒྲུབ་ཐུབ་པ་ནི་རང་ཉིད་ཀྱི་ཐོབ་སྐལ་དང་དོན་གཉེར་ཡིན”ཞེས་བརྗོད།
         མི་ཚང་མར་རང་ཉིད་ཀྱི་དགའ་ཞེན་དང་གདམ་ཀ་ཡོད། རང་ཉིད་དགའ་ཞེན་ཡོད་པ་ནི་ཡག་ཤོས་རེད། ཁོང་གི་ལན་ནི་ཧ་ཅང་སྟབས་བདེ་པོ་ཞིག་ཡིན་པ་ལས། དཔའ་གཏམ་བརྗོད་ཚིག་གང་ཡང་མེད་པས། ང་ཚོས་བོད་རིགས་ཕོ་གསར་བབ་ཆགས་འདིས་སེམས་གཏིང་ནས་རང་ཉིད་ཀྱིས་སྒྲུབ་བཞིན་པའི་བྱ་བ་འདིར་བཅངས་པའི་བརྩེ་སེམས་དང་དགའ་ཞེན་ཚོར་ཐུབ།
【1】  【2】  【3】  【4】
པ་སངས་ཚེ་རིང་ལགས་ཀྱི་སྡོད་གནས།
པ་སངས་ཚེ་རིང་ལགས་ཀྱི་སྡོད་གནས།