འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་27ཉིན།

༄༅།།རང་རྒྱལ་གྱིས་འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་གསུམ་པ་རྟགས་ཅན་བདེ་བླག་ངང་འཕེན་གཏོང་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་27ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།རང་རྒྱལ་གྱིས་འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་གསུམ་པ་རྟགས་ཅན་བདེ་བླག་ངང་འཕེན་གཏོང་བྱས་པ།
          འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་25ཉིན་གྱི་ཆུ་ཚོད་0དང་སྐར་མ་53ལ་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་གསུམ་པ་རྟགས་ཅན་མཁའ་དབྱིངས་སུ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་སྲུང་སྐར་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བསྐྱོད་ཡོད།
          འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་གསུམ་པ་རྟགས་ཅན་དང་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་ནི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིས་ཞིབ་བཟོ་ཐོན་སྐྱེད་བྱས་པ་དང་འཕེན་གཏོང་དང་ཚད་འཇལ་ཚོད་འཛིན་ལས་འགན་ཀྲུང་གོ་སྲུང་སྐར་འཕེན་གཏོང་ཚད་འཇལ་ཚོད་འཛིན་མ་ལག་པུའུ་ཡིས་འགན་འཁུར་ཡོད།
        ཟླ་12ཚེས་25ཉིན་གྱི་ཆུ་ཚོད་0དང་སྐར་མ་53ལ་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་གསུམ་པ་རྟགས་ཅན་མཁའ་དབྱིངས་སུ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་སྲུང་སྐར་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བསྐྱོད་པ། འདི་ནི་རྒྱང་སྐྱོད་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་རིམ་སྤེལ་འཕུར་སྐྱོད་ཐེངས་296པ་དེ་ཡིན་པ་རེད།