འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་27ཉིན།

༄༅།།བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བར་རྣམ་པ་གསར་པ་མངོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་27ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བར་རྣམ་པ་གསར་པ་མངོན་པ།
          ད་ཕན་ལོ་ཤས་རིང་། ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་། རྩེད་གོང་རིམ་མཐོའི་གཞུང་ལམ། ལྷ་གཞིས་ལྕགས་ལམ་སོགས་གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་རིམ་བཞིན་བསྐྲུན་ནས་འཐུས་སྒོ་ཚང་དུ་ཕྱིན་པ་དང་སྦྲགས། བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བར་རྣམ་པ་གསར་རྐྱང་མངོན་ཡོད།
          བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་གྲངས་གཞི་ལས་མངོན་པར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་རིང་། བོད་ཀྱི་འགྲིམ་འགྲུལ་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་གཞུང་ལམ་ལམ་ཚད་སྤྱི་ལེ་ཁྲི་2.4གསར་སྣོན་བྱུང་བ་དང་། 2017ལོའི་ལོ་མཇུག་བར། བོད་ཀྱི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་8.9ཟིན་ཡོད། མ་འོངས་ལོ་གསུམ་རིང་བོད་ཀྱིས་ད་དུང་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ཤར་བགྲོད་ཀྱི་རྣམ་གྲངས་ལག་ལེན་གཏིང་ཟབ་བསྟར་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས། ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད། མིག་སྔར་བོད་ཀྱི་གྲོང་གསེབ་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་6ལྷག་ཟིན་པ་དང་ལྗོངས་ཡོངས་སུ་མེ་ཏོག་རྫོང་ཕུད་སྣུམ་ནག་ལམ་ཤར་གཏོང་ཐུབ་ཡོད།
༄༅།།བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བར་རྣམ་པ་གསར་པ་མངོན་པ།