འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་27ཉིན།

༄༅།།བོད་ཀྱི་གཞིས་རྩེ་གྲོང་ཁྱེར་གྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོཌ་སྐྱོར”བྱེད་ཐབས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ། 

2016ལོ་ནས་འདི་ལོ་བར་དམངས་གཉེར་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་རོགས་དངུལ་སྒོར་ཁྲི་6362བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་27ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། བོད་ཀྱི་གཞིས་རྩེ་གྲོང་ཁྱེར་གྱིས་དམངས་གཉེར་ཁེ་ལས་ལ་སྐུལ་སློང་དང་། ཁྲིད་སྟོན། སྒྲིག་འཛུགས་བཅས་ཀྱིས་དམངས་གཉེར་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཧུར་ཐག་ཞུགས་ཤིང་། “ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་སྐྱོར”བྱེད་པའི་ཐབས་ལམ་སྤྱད་ནས་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་སྐྱོར”བྱེད་པའི་སྤྱིའི་ཇུས་གཞིའི་བླང་བྱ་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་ཁེ་ལས་161སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ“གཅིག་གཏད་གཅིག”གི་རྣམ་པ་བརྒྱུད་ཤིན་ཏུ་དབུལ་བའི་གྲོང་ཚོ(གྲོང་ལྷན)161ལ་རོགས་སྐྱོར་བྱས་པ་དང་། དེ་བཞིན་ཐོན་ལས་ལ་བརྟེན་ནས་ཁེ་སྤོགས་བགོ་བ་དང་། ལས་གནས་ལས་ཞུགས། སློབ་མར་རོགས་སྐྱོར། ནད་པར་རོགས་སྐྱོར། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར། ཞལ་འདེབས་རྒྱག་པ་སོགས་ཀྱི་རྣམ་པར་བརྟེན་ནས་ཆ་སྒྲིག་དབུལ་སྐྱོར་ལས་དོན་སྤེལ་ཡོད། 2016ལོ་ནས་འདི་ལོ་བར་དམངས་གཉེར་ཁེ་ལས་ཁག་གིས་རིམ་རྩིས་བྱས་ན། རོགས་སྐྱོར་དངུལ་སྒོར་ཁྲི་6362བཏང་བ་ལས་དུད་ཚང་6385ལ་ཕན་པ་ཐོབ་པ་དང་དུད་ཚང་དབུལ་པོའི་མི་གྲངས་2423ལས་ཞུགས་ཐུབ་ཡོད་པ་རེད།