འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་26ཉིན།

༄༅།།ཚེས་27ཉིན་ནས་ཚེས་29ཉིན་བར་བོད་རང་སྐྱོང་ལྗོངས་སུ་ཁངས་འབབ་རྒྱུ་ཡིན་པས་ཇེ་འཁྱག་ཏུ་འགྲོ་རྒྱུར་གཟབ་དགོས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་26ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་གནམ་གཤིས་གནས་ཚུལ་སྤེལ་བར་གཞིགས་ན། བྱང་རྒྱུད་ཀྱི་མཁའ་རླུང་གྲང་མོའི་ཤུགས་རྐྱེན་འོག  སྔོན་དཔག་བྱས་ན་བོད་ལྗོངས་ཀྱི་ནུབ་ནས་ཤར་བར་དུ་ཁངས་འབབ་རྒྱུ་རེད། དེའི་ནང་ནས་ཉིང་ཁྲི་དང་ཆབ་མདོ། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་ཤར་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། གཞིས་རྩེའི་ལྷོ་རྒྱུད་དུ་ཁངས་འབྲིང་བ་འབབ་རྒྱུ། གཞིས་རྩེའི་བྱང་རྒྱུད་དང་ལྷ་སར་གཙོ་བོ་གནམ་འཐིབ་རྒྱུ་དང་། ས་ཆ་ཁ་ཤས་སུ་ཁངས་ཆུང་བ་འབབ་རྒྱུ་ཡིན་པས། ཚེས་28ཉིན་ནས་བཟུང་དྲོད་ཚད་4℃ནས་8℃མར་ཆག་རྒྱུ་རེད།
        རིགས་གཅིག་མཁས་པས། ཟླ་12ཚེས་17ཉིན་ནས་ཚེས་19ཉིན་བར་བོད་ལྗོངས་སུ་དགུན་ཁ་ཤར་རྗེས་གཞི་རྒྱ་ཆེ་ཤོས་ཀྱི་ཁངས་ཐོག་མ་བབས་པ་དང་དྲོད་ཚད་དམའ་རུ་ཆག་པ་དང་། ཁ་བ་འབབ་ཡུན་རིང་ལ་རྒྱ་ཆེན་པོར་བབས་ཡོད། ས་ཁུལ་ཁ་ཤས་སུ་ཁངས་མཐུག་པོ་བབས་ནས། ས་གནས་དེའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཕྱུགས་ལས། གློག་ཤུགས་འཕྲིན་གཏོང་། ཞིང་ལས་སྒྲིག་བཀོད། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སོགས་ཕྱོགས་མང་པོའི་ཐད་ལ་ཤུགས་རྐྱེན་ཐེབས་ཡོད། ད་རེས་ཁངས་བབས་ནས་དྲོད་ཚད་དམའ་རུ་ཆག་པ་འདིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཕྱུགས་ལས་ལ་བསྟུད་མར་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས། འབྲེལ་ཡོད་སྡེ་ཚན་གྱིས་གྲོང་ཁྱེར་གྱི་སྦུག་ལམ་འཁྱག་འགོག་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས། ཆབ་མདོ་དང་ཉིང་ཁྲིའི་འཁྱིལ་ཆུའི་གནོད་འཚེ་བཀོད་སྒྲིག་ས་ཚིགས་ཁག་ཏུ་གྲང་འགོག་དྲོད་སྲུང་སོགས་ཀྱི་ལས་དོན་ལེགས་པོར་བསྒྲུབ་དགོས་པ་བསྟན་ཡོད།