འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་26ཉིན།

༄༅།།སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཟླ་11བར་རྒྱལ་ཡོངས་སུ་ཁོར་ཡུག་ཐད་ཀྱི་སྲིད་འཛིན་དངུལ་ཆད་སྒོར་དུང་
ཕྱུར་136ཟིན་འདུག་ཟེར། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་26ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25ཉིན། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་2018ལོའི་ཟླ་1ནས་ཟླ་11བར་གྱི་སྐྱེ་ཁམས་ཁོར་ཡུག་སྲིད་འཛིན་ཆད་གཅོད་ཀྱི་གྱོད་གཞི་དང་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ཀྱི་བྱེད་ཐབས་ཆ་འགྲིག་ལག་བསྟར་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། རྒྱལ་ཡོངས་ཀྱི་ཁོར་ཡུག་ཐད་ཀྱི་སྲིད་འཛིན་ཆད་གཅོད་གྱོད་གཞི་ལས་ཆད་པ་བཅད་པའི་ཆོད་ཡིག་ཁྱོན་166210ཟིན་པ་དང་། སྒོར་དུང་ཕྱུར་135.97ཆད་གཅོད་གཞུང་བཞེས་བྱས་པ་དང་། རྒྱལ་ཡོངས་སུ་གྱོད་དོན་རིགས་ལྔའི་གྱོད་གཞི་ཁྱོན་36302ལག་བསྟར་བྱས་པ་དང་། ན་ནིང་གི་དུས་མཉམ་དང་བསྡུར་ན་1.78%འཕར་ཡོད། 
     ཁོར་ཡུག་ཐད་ཀྱི་སྲིད་འཛིན་ཆད་གཅོད་བྱེད་ཤུགས་ཆེ་བའི་ཞིང་ཆེན་ནི་ཅང་སུའུ་དང་ཀོང་ཏུང་། ཧོ་པེ། ཧྲན་ཏུང་། ཀྲེ་ཅང་ཡིན་ཞིང་། དེའི་ཁྲོད་དུ་ཅང་སུའུ(སྒོར་དུང་ཕྱུར་19.73) ཀོང་ཏུང་(སྒོར་དུང་ཕྱུར་15.37) ཧོ་པེ(སྒོར་དུང་ཕྱུར་12.53) ཧྲན་ཏུང་(སྒོར་དུང་ཕྱུར་10.25) བཅས་ཀྱི་ཆད་གཅོད་བཞེས་དངུལ་སྒོར་དུང་ཕྱུར་10ལས་བརྒལ་བ་རེད། 
     རྒྱལ་ཡོངས་སུ་ལག་བསྟར་བྱས་པའི་གྱོད་གཞི་རིགས་ལྔའི་ནང་དུ། ཉིན་ལྟར་བསྟུད་མར་དངུལ་ཆད་བཅད་པའི་གྱོད་གཞི་691ཡོད་ཅིང་། ན་ནིང་གི་དུས་མཉམ་དང་བསྡུར་ན་33.94%ཉུང་དུ་སོང་ཞིང་། དངུལ་ཆད་བཅད་གྲངས་སྒོར་དུང་ཕྱུར་9.85ཡིན་པ་དང་། ན་ནིང་གི་དུས་མཉམ་དང་བསྡུར་ན་8.41%ཉུང་དུ་སོང་ཡོད། སྒོ་ཐེལ་བརྒྱབ་པ་དང་བཙན་ཉར་བྱས་པའི་གྱོད་དོན་19903བྱུང་བ་དང་། ན་ནིང་གི་དུས་མཉམ་དང་བསྡུར་ན་21.15%མང་དུ་སོང་ཡོད། ཐོན་སྐྱེད་ཚོད་འཛིན་དང་མཚམས་འཇོག་གི་གྱོད་དོན་6196ཡོད་པ་དང་། ན་ནིང་གི་དུས་མཉམ་དང་བསྡུར་ན་20.99%ཉུང་དུ་སོང་ཡོད། སྲིད་འཛིན་བཀག་ཉར་བྱ་རྒྱུར་བསྐྱལ་བའི་གྱོད་དོན་7145ཡོད་པ་དང་། ན་ནིང་གི་དུས་མཉམ་དང་བསྡུར་ན་8.71%ཉུང་དུ་སོང་ཡོད། ཁོར་ཡུག་སྦགས་བཙོག་གི་ཉེས་གསོག་དོགས་ཡོད་གྱོད་གཞི་2367སྐྱེལ་སྤྲོད་བྱས་ཡོད་པ་དང་། ན་ནིང་གི་དུས་མཉམ་དང་བསྡུར་ན་6.18%ཉུང་དུ་སོང་ཡོད།