འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་26ཉིན།

༄༅།།2017ལོར་བོད་རང་སྐྱོང་ལྗོངས་ཀྱི་བོད་ཕག་གསོ་ཚགས་ཀྱི་གཞི་ཁྱོན་མགོ་གྲངས་ཁྲི་40.2ཟིན་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་26ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།2017ལོར་བོད་རང་སྐྱོང་ལྗོངས་ཀྱི་བོད་ཕག་གསོ་ཚགས་ཀྱི་གཞི་ཁྱོན་མགོ་གྲངས་ཁྲི་40.2ཟིན་པ།
        མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ས་མཐོའི་དམིགས་བསལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་རྨང་གཞིའི་ཐོག དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་བྱས་ནས། བོད་ཕག་ཐོན་ལས་དེ་ས་མཐོའི་དམིགས་བསལ་གྱི་གཙོ་གནད་ཐོན་ལས་ཆེ་གྲས་བདུན་གྱི་གྲས་སུ་བཅུག་ཡོད། མཐོ་རིམ་ཇུས་འགོད་དང་ཚད་མཐོའི་སྐུལ་འདེད་ལ་ཤུགས་སྣོན་བརྒྱབ་པས་བོད་ལྗོངས་ཀྱི་བོད་ཕག་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། 2017ལོར་ལྗོངས་ཡོངས་ཀྱི་བོད་ཕག་གསོ་ཚགས་གཞི་ཁྱོན་མགོ་གྲངས་ཁྲི་40.2ཟིན་པ་དང་། ལོ་མཇུག་ཏུ་ལག་ཡོད་མགོ་གྲངས་ཁྲི་25ཟིན་ཡོད་པ་རེད།