འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་26ཉིན།

༄༅།།གངས་རིའི“ཁེར་ཆགས་གླིང་ཕྲན”དུ་སྐོར་སྐྱོད་སྨན་བཅོས་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་26ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།གངས་རིའི“ཁེར་ཆགས་གླིང་ཕྲན”དུ་སྐོར་སྐྱོད་སྨན་བཅོས་བྱེད་པ།
           བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་ནི་ཧི་མ་ཡ་ལའི་ལྷོ་རྒྱུད་དུ་གནས་པ་དང་མངའ་རིས་ས་ཁུལ་ནུབ་རྒྱུད་ཀྱི་ཐག་རིང་ཤོས་ཀྱི་ཤང་གྲོང་གི་གྲས་ཤིག་རེད། ལོ་ལྟར་དགུན་ཁ་གངས་ཀྱིས་ལམ་འགགས་ནས་ལོ་ཕྱེད་ཙམ་ཕྱིར་འགྲོ་ཐུབ་ཀྱི་མེད་པས། ཚོ་སྲིབ་གསུམ་དཀྱིལ་ཤང་དེ་ཉིད་མིང་དོན་མཚུངས་པའི“མཐའ་མཚམས་ཀྱི་ཁེར་ཆགས་གླིང་ཕྲན”ཞིག་ཏུ་གྱུར་ཡོད། ཚོ་སྲིབ་གསུམ་དཀྱིལ་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཚེ་རིང་དོན་གྲུབ་དང་ལས་རོགས་ཚོས་སྨན་སྒམ་འཁུར་ནས་རླངས་འཁོར་དང་རྟ་ལ་བརྟེན་ནས་གངས་རི་དང་འཕྲང་ལམ་མང་དག་ཅིག་བརྒལ་ཏེ་ཞིང་འབྲོག་པའི་ཁྱིམ་དུ་སྐོར་སྐྱོད་སྨན་བཅོས་ལ་འགྲོ་གི་ཡོད། ཁོང་ཚོ་གྲོང་ཚོ་བཞིའི་དུད་ཚང་131ཚང་མར་འགྲོ་མྱོང་བ་མ་ཟད། “མཐའ་མཚམས་ཀྱི་ཁེར་ཆགས་གླིང་ཕྲན”དུ་སྐོར་སྐྱོད་སྨན་དོན་ཞབས་འདེགས་ཞུས་ནས་ལས་བྱེད་མང་ཚོགས་ཚོའི་བདེ་ཐང་ལ་འགན་ལེན་བྱས་ཤིང་། འདི་ནི་ཚོ་སྲིབ་གསུམ་དཀྱིལ་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཚེ་རིང་དོན་གྲུབ(གཡས)ཀྱིས་ཚོ་སྲིབ་གསུམ་དཀྱིལ་ཤང་སྦྲ་ཁ་གྲོང་ཚོའི་མཁའ་རེག་ཚོགས་ཆུང་གི་ཨ་མཛེས་དགུན་སར་འབྲོག་པ་བསོད་ནམས་རྡོ་རྗེའི་ཁྲག་ཤེད་ལྟ་བཞིན་པ།