འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་26ཉིན།

༄༅།།རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཏེ་བོད་ཀྱི་ཇོ་རིའི་སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་སླར་ཡང་ཆེ་རུ་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་26ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། འདི་ལོའི་ཟླ་6པ་ནས་བཟུང་། ཕུ་རོག་གངས་རིའི་འཁྱགས་རོམ་དུ་ཡུལ་སྐོར་བར་སྣེ་ལེན་ཞུ་མཚམས་བཞག་རྗེས། ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཇོ་རི་དོ་དམ་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་ནས་ཚན་པ་དང་མི་སྒེར་གང་རུང་ཞིག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཏེ་ཇོ་མོ་གླང་མའི་རོང་ཕུ་དགོན་ཡན་གྱི་ལྟེ་བའི་ཁུལ་དུ་ཡུལ་སྐོར་ལ་བསྐྱོད་པར་བཀག་འགོག་བྱས་པ་ལས་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ་མཚོན་གྱི་ཡོད།
            དིང་རི་རྫོང་ཇོ་རི་དོ་དམ་ཅུས་ཀྱི་ལས་དོན་པས། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཏེ་ཇོ་རིར་ལྟེ་བའི་ཁུལ་དང་། ཞི་ལྷོད་ཁུལ། ཚོད་ལྟ་ཁུལ་བཅས་ཁག་གསུམ་དུ་ཕྱེ་ཞིང་། 2018ལོའི་རྒྱལ་ཁབ་ཀྱི“སྔོ་ཁེབས”བྱ་སྤྱོད་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་བ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》ལ་གཞིགས་ཏེ་ཚན་པ་དང་མི་སྒེར་གང་རུང་ཞིག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཇོ་མོ་གླང་མའི་རོང་ཕུ་དགོན་ཡན་གྱི་ལྟེ་བའི་ཁུལ་དུ་ཡུལ་སྐོར་ལ་བསྐྱོད་པར་བཀག་འགོག་བྱས་པ་རེད་ཅེས་བཤད།
          ལས་དོན་པ་དེས་ཇོ་རིའི་སྒར་ས་ཆེ་མོར་ས་བབ་སྨི་5200ཡོད་པ་དང་རོང་ཕུ་དགོན་དང་བར་ཐག་སྤྱི་ལེ་2ཆོད་ཡོད། ཡུལ་སྐོར་བ་ཇོ་རིར་ལྟ་སྐོར་ལ་སྐྱོད་སྐབས་རོང་ཕུ་དགོན་ནས་སྐྱོད་མི་ཆོག་ཀྱང་ཇོ་མོ་གླང་མའི་མཛེས་ལྗོངས་ཉམས་སུ་མྱོང་བར་ཤུགས་རྐྱེན་གང་ཡང་ཐེབས་མི་སྲིད་ཅེས་བཤད།
         དེ་གོང་གི་གནས་ཚུལ་སྤེལ་གསལ་ལྟར་ན། 1997ལོའི་དཔྱིད་ཀར། བོད་རང་སྐྱོང་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་ཇོ་རིའི་བྱང་འདབས་སུ་གཙང་སེལ་བྱེད་སྒོ་ཐེངས་དང་པོ་སྤེལ་ཏེ། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུར་བསགས་པའི་གསོ་རླུང་དམ་བི་སོགས་འཚོ་བའི་གད་སྙིགས་གཙང་སེལ་བྱས་ཡོད། དེ་རྗེས་སྤྱི་ཕན་ཚོགས་པས་མུ་མཐུད་ཇོ་རིའི་བྱང་འདབས་ལ་གཙང་སེལ་བྱས་པའི་ནང་ཞུགས་མཁན་ཕལ་ཆེ་བ་ཆེད་ལས་མིན་པའི་མི་སྣ་ཤ་སྟག་རེད། འདི་ལོའི་ཟླ་བ་བཞི་པར་བོད་ལྗོངས་ཧི་མ་ལ་ཡ་རི་མཐོ་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཇོ་རིའི་རི་གཤམ་དུ་བཙུགས་པ་དང་དེ་ནས་བཟུང་རི་མཐོའི་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་མ་གཏོང་རྒྱུ་དེ་ཆེད་ལས་ཅན་དང་རྒྱུན་རྣམ་ཅན་དུ་གྱུར་ཡོད་པ་རེད།
         གཞན་ཡང་འདི་ལོའི་ཟླ་6ཚེས་1ཉིན་ནས་བཟུང་། བོད་ལྗོངས་མཚེའུ་གཉིས་རྫོང་ཁོངས་ཀྱི་འཛམ་གླིང་གི་འཁྱགས་རོམ་ཆེ་གྲས་གསུམ་པ་སྟེ་ཕུ་རོག་གངས་རི་འཁྱགས་རོམ་སྣོད་བཅུད་སླར་གསོའི་དུས་མཚམས་སུ་གནས་པས་ས་གནས་ཀྱིས་ཡུལ་སྐོར་བར་སྣེ་ལེན་བྱེད་མཚམས་བཞག་པ་དང་སང་ལོའི་ཟླ་6ཚེས་1ཉིན་སླར་ཡང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་རེད།