འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་25ཉིན།

༄༅།།དཀར་མཛེས་རྫོང་དམངས་སྲོལ་དངོས་མིན་རིག་གནས་ཤུལ་བཞག་ཁང་སྟེ། མི་རིགས་སྒྱུ་རྩལ་གྱི་དྲན་འཆར་བང་མཛོད།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་25ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།དཀར་མཛེས་རྫོང་དམངས་སྲོལ་དངོས་མིན་རིག་གནས་ཤུལ་བཞག་ཁང་སྟེ། མི་རིགས་སྒྱུ་རྩལ་གྱི་དྲན་འཆར་བང་མཛོད།
          མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ནི་ཁམས་ཁུལ་བྱང་རྒྱུད་ཀྱི་ལྟེ་བར་གནས་ཤིང་། ཇ་རྟའི་ཚོང་འབྲེལ་ཁྲོད་འདི་རུ་རིག་གནས་སྣ་མང་གི་རྣམ་པ་ཞིག་ཆགས་ཡོད་དེ། བརྗིད་ཉམས་ལྡན་པའི་གསར་བརྗེའི་ས་བོན་ཡོད་ལ། ཕུན་སུམ་ཚོགས་པའི་ཆོས་ལུགས་རིག་གནས་ཀྱང་ཡོད། དཀྱེལ་ཆེ་ཁོང་ཡངས་ཀྱིས་འདི་རུ་ཐུན་མིན་གྱི་ཡུལ་སྲོལ་ཞིག་གྲུབ་ཡོད།
            དཀར་མཛེས་ཚོན་རིས། ནང་དོན་ཕུན་སུམ་ཚོགས་ལ་དཔེ་རིས་སྤུས་དག་ཡིན་པ།
          "དཀར་མཛེས་ཀྱི་ཚོན་རིས"ནི་བོད་ཁུལ་གྱི་མཚོན་བྱེད་རང་བཞིན་ཆེས་ཆེར་ལྡན་པའི་བོད་རིགས་ཀྱི་ཚོན་རིས་གྲས་ཤིག་ཡིན། དཀར་མཛེས་ཀྱི་ཚོན་རིས་དེ་གཙོ་བོ་ནི་བོད་རིགས་ཀྱི་འཛུགས་སྐྲུན་དང་། ཁྱིམ་ཆས་སོགས་ཤིང་ཆས་ལ་མངོན་ཞིང་། ཚོན་རིས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་ཞིབ་ཕྲ་ལྡན་པ། རི་མོ་མཛེས་ལ་གསོན་ཉམས་ལྡན་པ། གནའ་དེང་གི་དུས་རབས་མི་འདྲ་བའི་རྣམ་པ་མཚོན་ཞིང་། ཁ་དོག་ཞི་ཞིང་དུལ་ལ་ཉམས་ཀྱིས་ཕྱུག་པ་ཞིག་ཡིན།
          བྱེ་གསེར་རྫ་ཆས་ཏེ། འདམ་དང་མེ་ལས་བྱུང་བའི་སྒྱུ་རྩལ།
         བྱེ་གསེར་རྫ་ཆས་སྒྱུ་རྩལ་ནི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཡིན་ཞིང་། དེ་ནི་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3390ཡིན་པའི་མཐོ་སྒང་དུ། འཕྲེད་རྒྱུག་རི་རྒྱུད་བར་བརྒལ་ཁུལ་གྱི་བྱང་ཤར་མཚམས་སུ་ཡོད། དཀར་མཛེས་རྫོང་ནི་རི་མང་པོ་དང་ཆུ་དྭངས་མོས་བསྐོར་ཡོད་པའི་རྫོང་མཁར་ཞིག་ཡིན་ཞིང་། བོད་རིགས་མི་དམངས་ཀྱིས་གནའ་ནས་ད་བར་དུ་གནས་དེར་འཚོ་བ་སྐྱེལ་ཡོད། གནས་འདིར་གངས་ཆུ་བཞུར་ནས་ས་དེད་པ་ལས་རྫ་ས་མང་པོ་གྲུབ་ཡོད་པ་དང་། དེས་རྫ་ཆས་བཟོ་བར་དངོས་པོའི་ཆ་རྐྱེན་འདོན་སྤྲོད་བྱས་ཡོད། ས་གནས་དེ་གའི་མིས་རྫ་ས་སྤྱད་ནས་རྫ་དམ་དང་གཞོང་སྣོད་བཟོ་བ་དང་། དེ་མེ་ལ་བསྲེགས་ནས་རྫ་ཆས་བཟོ་བཞིན་ཡོད།
        ལོ་ངོ་སྟོང་ཕྲག་གི་ལོ་ཟླ་བརྒྱུད། བརྩེ་སེམས་དང་བློ་གྲོས་འདུས་པ་ལས་གྲུབ་པའི་དངོས་མིན་རིག་གནས་ཤུལ་བཞག་འདི་དག་ད་ལྟ་ལྗིད་ཏིག་ཏིག་གི་རིག་གནས་རྒྱུན་འཛིན་ཞིག་ཏུ་གྱུར་ཡོད།
【1】  【2】  【3】  【4】
༄༅།།དཀར་མཛེས་རྫོང་དམངས་སྲོལ་དངོས་མིན་རིག་གནས་ཤུལ་བཞག་ཁང་སྟེ། མི་རིགས་སྒྱུ་རྩལ་གྱི་དྲན་འཆར་བང་མཛོད།