འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་25ཉིན།

༄༅།།རང་རྒྱལ་གྱིས་འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་གསུམ་པ་བདེ་བླག་ངང་འཕེན་གཏོང་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་25ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རང་རྒྱལ་གྱིས་འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་གསུམ་པ་བདེ་བླག་ངང་འཕེན་གཏོང་བྱས་པ།
      མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན་གྱི་ཆུ་ཚོད་ཀླད་ཀོར་དང་སྐར་མ་53ཐོག ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱོད་དེ། འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་གསུམ་པ་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། སྲུང་སྐར་སྔོན་དཔག་གི་འཁོར་ལམ་ཐོག་བསྐྱོད་ཡོད་པ་རེད། འཕྲིན་གཏོང་ལག་རྩལ་ཚོད་ལྟའི་སྲུང་སྐར་ཨང་གསུམ་པ་དང་རྒྱང་སྐྱོད་རྟགས་ཅན་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་ནི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་བཟོ་དང་ཐོན་སྐྱེད་བྱས་ཤིང་། འཕེན་གཏོང་དང་ཚད་ལེན་ཚོད་འཛིན་ལས་འགན་ནི་ཀྲུང་གོ་སྲུང་སྐར་འཕེན་གཏོང་ཚད་ལེན་ཚོད་འཛིན་མ་ལག་པུའུ་ཡིས་འགན་འཁུར་བ་རེད།