འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་24ཉིན།

༄༅།།བོད་ལྗོངས་ཀྱི་འགྲིམ་འགྲུལ་དྲ་བ་ལངས་གཟུགས་ཅན་ལ་རྣམ་པ་གསར་པ་ཐོན།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་24ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།བོད་ལྗོངས་ཀྱི་འགྲིམ་འགྲུལ་དྲ་བ་ལངས་གཟུགས་ཅན་ལ་རྣམ་པ་གསར་པ་ཐོན།
          མི་དམངས་དྲ་བའི་འཕྲིན། འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་རྒྱལ་ལམ་216སྐྱིད་རི་གསེག་ལམ་དུམ་བུ(ཟླ་8ཚེས་12ཉིན་མི་མེད་གནམ་གྲུས་པར་བླངས་པ)ཡིན་ཞིང་། ད་ཆ་སྐྱིད་གྲོང་ནི་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོར་གྱུར་བ་དང་། བགྲོད་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་བྱུང་ནས། ཀྲུང་བལ་ཉོ་ཚོང་གི་གནའ་ལམ་ལ་གསོན་ཤུགས་གསར་པ་ཐོབ་ཅིང་རྣམ་པ་གསར་པ་ཐོན་ཡོད།
           ཉེ་བའི་ལོ་ཤས་རིང་། ལྷ་ས་ནས་ཉིང་ཁྲིའི་བར་གྱི་རིམ་མཐོའི་གཞུང་ལམ་དང་རྩེད་ཐང་ནས་གོང་དཀར་བར་གྱི་རིམ་མཐོའི་གཞུང་ལམ། ལྷ་ས་ནས་གཞིས་རྩེའི་ལྕགས་ལམ་སོགས་གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་རིམ་གྱིས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་། བོད་ལྗོངས་ཀྱི་འགྲིམ་འགྲུལ་དྲ་བ་ལངས་གཟུགས་ཅན་ལ་རྣམ་པ་གསར་པ་མངོན་ཡོད།
         བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་གྲངས་གཞི་ལས་མངོན་པར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་ནང་བོད་ལྗོངས་ཀྱི་འགྲིམ་འགྲུལ་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ནས་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་2.4གསར་དུ་འཕར་བ་དང་། 2017ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་8.9ཟིན་ཡོད། མ་འོངས་པའི་ལོ་གསུམ་ནང་བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་ཤར་བགྲོད་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ཏེ། “ལོ་ལྔ་ཚན་བཅུ་གསུམ་”གྱི་དུས་མཇུག་ཏུ་ཤང་གྲོང་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་དང་། ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་ཡོངས་ལ་གཞུང་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་རེད། མིག་སྔར་བོད་ལྗོངས་ཀྱི་གྲོང་གསེབ་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་6ལྷག་ཙམ་ཟིན་པ་དང་། མེ་ཏོག་རྫོང་ཕུད་པས་ལྗོངས་ཡོངས་སུ་ཚང་མར་སྣུམ་ནག་གཞུང་ལམ་བཟོས་ཡོད།
【1】  【2】  【3】  【4】
༄༅།།བོད་ལྗོངས་ཀྱི་འགྲིམ་འགྲུལ་དྲ་བ་ལངས་གཟུགས་ཅན་ལ་རྣམ་པ་གསར་པ་ཐོན།