འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་24ཉིན།

༄༅།།ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་
འགྲེམས་སྟོན་དང་གནད་སྨིན་དབུལ་སྐྱོར་དགེ་སྒྲུབ་ཀྱི་རིན་གོང་གང་མཐོར་འཚོང་བའི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་24ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

༄༅།།ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་
འགྲེམས་སྟོན་དང་གནད་སྨིན་དབུལ་སྐྱོར་དགེ་སྒྲུབ་ཀྱི་རིན་གོང་གང་མཐོར་འཚོང་བའི་བྱེད་སྒོ་སྤེལ་བ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་22ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱིས་གཉེར་རོགས་བྱས་པའི“རྩོམ་རིག་དང་ཡིག་གཟུགས་ཀྱིས་དཔལ་ཡོན་ལྡན་པའི་ཁྲེང་ཀོན་འཛུགས། གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་གཏོང” —— ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་འགྲེམ་སྟོན་དང་གནད་སྨིན་དབུལ་སྐྱོར་དགེ་སྒྲུབ་ཀྱི་རིན་གོང་གང་མཐོར་འཚོང་བའི་བྱེད་སྒོ་ལྷ་སར་འཚོགས་ཤིང་། ཡུལ་དངོས་སུ་རིན་གོང་གང་མཐོར་འཚོང་བའི་ཡིག་གཟུགས་བརྩམས་ཆོས་ཁྱོན་31ཡོད་པ་དང་གྲབས་གསོག་བྱས་པའི་དགེ་སྒྲུབ་དངུལ་སྒོར་75400ཟིན་ཡོད།
         ད་ཐེངས་ཀྱི་རིན་གོང་གང་མཐོར་འཚོང་བའི་བྱེད་སྒོའི་བརྩམས་ཆོས་ཚང་མ་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་ཡིག་གཟུགས་མཁས་ཅན་གྱིས་ཞལ་འདེབས་ཕུལ་བ་ཞིག་ཡིན། རིན་གོང་གང་མཐོར་འཚོང་བའི་དངུལ་གྱི་རོགས་སྐྱོར་བྱ་ཡུལ་ནི་ཁྲེང་ཀོན་ཆུས་ནང་ཁུལ་གྱི་རིགས་ཁག་གི་དབུལ་ཕོངས་མང་ཚོགས(དེའི་ནང་ནད་གཞི་དང་། སློབ་སྦྱོང་། ངལ་རྩོལ་ནུས་ཤུགས་མི་འདང་བ་སོགས་ཀྱི་རྒྱུ་རྐྱེན་ལས་དབུལ་པོར་འགྱུར་བའི་ཁྱིམ་ཚང)ཡིན་པ་དང་། ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུས་དམངས་སྲིད་དང་དབུལ་སྐྱོར་གཞུང་ལས་ཁང་སོགས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་ཐོག་སྤྲོད་རྒྱུ་རེད།