འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་24ཉིན།

༄༅།།སྤྲོ་སྣང་ལྡན་པའི་སློབ་གསོ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་24ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
ལྷ་ས་གྲོང་ཁྱེར་གྱི་དམངས་གཉེར་སློབ་གྲྭ་ཞིག་གི་སློབ་མས་ཨོག་ལེན་ཆུང་ཆུང་སྦྱོང་བཞིན་པ།
ལྷ་ས་གྲོང་ཁྱེར་གྱི་དམངས་གཉེར་སློབ་གྲྭ་ཞིག་གི་སློབ་མས་ཨོག་ལེན་ཆུང་ཆུང་སྦྱོང་བཞིན་པ།
         ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་སློབ་གསོའི་གྲུབ་ཆ་ལེགས་སུ་གཏོང་བ་དང་། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་ཏུ་གཏོང་བ། སློབ་གསོའི་ཞབས་ཞུ་མཁོ་འདོན་འོས་འཚམ་ངང་མང་དུ་གཏོང་བ། དམངས་གཉེར་སློབ་གསོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཅས་གཏོང་ཆེད། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གསོ་གཉེར་རྒྱུར་སྐུལ་ལྕག་ཧུར་ཐག་བྱས་པས་དམངས་གཉེར་སློབ་གསོ་འཕེལ་རྒྱས་དང་རྒྱ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར། ལྷ་ས་གྲོང་ཁྱེར་དུ་དམངས་གཉེར་སློབ་གསོའི་སྒྲིག་གཞི་30ལྷག་ཙམ་ཡོད་པ་རེད། དམངས་གཉེར་སློབ་གསོ་མེད་པ་ནས་ཡོད་པའི་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ནས་བོད་ཀྱི་སློབ་གསོ་དར་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་གྱི་གྲགས་ཅན་དགེ་རྒན་སློབ་གྲྭའི་དགེ་རྒན་གྱིས་སློབ་མར་སློབ་ཚན་གསབ་ཁྲིད་བྱེད་བཞིན་པ།
ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་གྱི་གྲགས་ཅན་དགེ་རྒན་སློབ་གྲྭའི་དགེ་རྒན་གྱིས་སློབ་མར་སློབ་ཚན་གསབ་ཁྲིད་བྱེད་བཞིན་པ།