འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་23ཉིན།

༄༅༎ཚོང་དོན་པུས་ཀྲུང་གོ་དང་ཨ་རི་ལ་ལོ་རྗེས་མའི་ཟླ་དང་པོར་དངོས་གནས་གྲོས་མོལ་གནང་བའི་འཆར་གཞི་ཡོད་ཟེར།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་21ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། མི་དམངས་དྲ་བ་པེ་ཅིང་ནས་ཟླ་12 ཚེས་20 ཉིན་གློག་འཕྲིན་འབྱོར་གསལ། དེ་རིང་། ཚོང་དོན་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ཏུ “ཀྲུང་ཨ་རྒྱལ་ཁབ་གཉིས་པོར་ལོ་རྗེས་མའི་ཟླ་དང་པོར་གྲོས་མོལ་གནང་བའི་འཆར་གཞི་ཡོད་དམ”ཞེས་འདྲི་དུས། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥེང་གིས་ཚོགས་འདུའི་ཐོག་ཏུ་དངོས་གནས་འཆར་གཞི་ཡོད་པ་དང་། ཀྲུང་ཨའི་འགོ་གཙོ་མཇལ་འཛོམས་བྱུང་ཚུན། ཕྱོགས་གཉིས་པོའི་ལས་དོན་ཚོགས་པས་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱས་ཡོད་པ་དང་། གྲོས་མོལ་གནང་རྒྱུའི་གྲོས་གཞི་དང་བཀོད་སྒྲིག་ཞིབ་ཕྲའི་ཐད་ལ་གྲོས་བསྡུར་བྱས་ཟིན་ཟེར།
     ཀའོ་ཧྥེང་གིས་ཀྲུང་ཨ་ཕྱོགས་གཉིས་པོས་གྲོས་མོལ་འཕེལ་རིམ་གྱི་དགོས་མཁོ་ལ་གཞིགས་ནས། དུས་དང་རྣམ་པ་ཀུན་ཏུ་ཐུག་འཕྲད་དང་ཁ་པར་གཏོང་ལེན་སོགས་ཚུད་པའི་གྲོས་མོལ་བྱེད་སྒོ་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་ཀྱི་གཙོ་བདག་ཐུག་འཕྲད་ཡོང་བའི་ཐུན་མོང་གི་ངོས་འཛིན་ལག་ལེན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པར་བཤད།