འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་17ཉིན།

༄༅།།ཀན་སུའུ་ཡི་སྒྱུ་རྩལ་པས་ལོ་ངོ་སྟོང་གི་ཆའང་རིགས་དང་བོད་རིགས་ཀྱི་སྐྱིན་ཁེབས་འཐག་རྩལ་གྱི་རྒྱུན་བརྐྱངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་17ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་གི་སྐྱིན་ཁེབས་འཐག་རྩལ་གྱི་རྒྱུན་འཛིན་པ་ཉུང་ཤས་ཀྱི་གྲས་ཡིན་པའི་ལོ་36ལ་སླེབས་པའི་ཅིན་ཏུང་ཤིའུ་ཡིས་རྒྱུན་དུ་ཞིང་ལས་དང་ནང་ལས་ཚར་རྗེས་སྐྱིན་ཁེབས་འཐག་གི་ཡོད། ལོ་ངོ་ཆིག་སྟོང་ཙམ་རྒྱུན་འབྱམས་སུ་སོང་བའི་རྩལ་ནུས་དེ་ནི་ཆའང་རིགས་དང་བོད་རིགས་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཞིག་རེད།
          འབྲུག་ཆུ་རྫོང་ནི་འབྲུག་ཆུ་གཙང་པོའི་ཆུ་འགོའི་རི་མཐོའི་ལུང་གཞུང་རྒྱུད་དུ་ཆགས་པ་དང་། “རི་བོ་རེ་ལས་དུས་བཞིའི་མཛེས་ལྗོངས་མངོན། ལེ་དབར་བཅུ་རེ་ས་ནས་བཀོད་པ་མི་འདྲ་བ་རེ་འཆར”རང་བྱུང་ཁོར་ཡུག་གིས་དེའི་ཁྱད་དུ་འཕགས་པའི་བོད་ཀྱི་གྱོན་ཆས་ཀྱི་གྲུབ་ཆ་དང་བཟོ་ལྟ་གྲུབ་ཡོད། སྐྱིན་ཁེབས་ནི་འབྲུག་ཆུའི་བོད་རིགས་མང་ཚོགས་ཀྱི་རྒྱན་ཆ་ཞིག་རེད།
        སྐྱིན་ཁེབས་འཐག་པའི་ལས་རིམ་རྙོག་དྲ་ཚ་བས་དམངས་ཁྲོད་འཐག་རྩལ་པས་ཉིན་གཅིག་ནང་སོར་ཁ་ཤས་ལས་འཐག་ཐུབ་ཀྱི་མེད། འཐག་པའི་བརྒྱུད་རིམ་ནང་འཐག་ཁྲིའི་རྐང་ཁྲབ་གནོན་དགོས་པ་མ་ཟད། ད་དུང་ཚོན་ཁྲའི་སྤུན་དོག་རེ་རེ་བཞིན་ཕན་ཚུན་བསྣོལ་ནས་སྲོལ་རྒྱུན་གྱི་རི་མོ་རྒྱག་དགོས།
         འབྲུག་ཆུ་རྫོང་སྤོ་ཡུལ་གྲོང་རྡལ་གྲོང་ཚོ་གཉིས་པའི་ཅིན་ཏུང་ཤིའུ་ཡི་སྐྱིན་ཁེབས་འཐག་རྩལ་ནི་རང་ཁྱིམ་གྱི་འཐག་མ་རྒན་གྲས་ས་ནས་རྒྱུན་འཛིན་བྱས་པ་ཞིག་ཡིན་པ་དང་། ཆུང་དུས་ནས་རྙོག་དྲ་ཚ་བའི་སྐྱིན་ཁེབས་འཐག་པའི་པར་རིས་སྣ་ཚོགས་གསལ་པོར་ངེས་ཀྱི་ཡོད། ད་ཆ་འབྲུག་ཆུ་རྫོང་དུ་དར་ཁྱབ་ཆེ་བའི་སྐྱིན་ཁེབས་ཀྱི་པར་རིས་སྟོང་ཕྲག་དུ་མ་ཡོད། རྒྱུན་དུ་སྐྱིན་ཁེབས་ཤིག་གི་སྟེང་དུ་རི་མོ་15ནས་38བར་བརྒྱལ་ཐུབ་པ་དང་གདོད་མའི་རི་མོ་མང་ཆེ་བ་ནི་གནའ་ཉམས་དོད་ལ་བབ་ཆགས་པའི་གཙོད་དང་། རྨ་བྱ། སྟག་གཟིག ཡུལ་ལྗོངས། ཤྭ་བ། རྨོན་མཛོ་སོགས་གཙོ་བོར་བྱེད་པ་དང་། བརྗོད་གཞིར་གདོད་མའི་མཚོན་ཆོས་སྣ་ཚོགས་དང་། ཆོས་རྫས། དམངས་སྲོལ་ཡོ་བྱད། འདབ་ཆགས་རི་དྭགས། ཡུལ་ལྗོངས། སྐྲུན་དངོས་སོགས་ཚུད་ཡོད།
        “སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་ཁག་དབར་རིག་གནས་སྤེལ་རེས་ཡུན་རིང་བྱས་པ་དང་བསྟུན་ནས་སྐྱིན་ཁེབས་ཀྱི་རི་མོ་དང་། ཚོས་མདོག རྒྱུ་སྤུས། ཚད་གཞི་བཅས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། མི་རིགས་ཁག་གི་ཡི་གེ་དང་། དཔའ་བོ། རབ་བཏགས་རི་མོ་སོགས་རིག་གནས་ཀྱི་གཞི་རྒྱུ་སྣ་ཚོགས་ཀྱང་བོད་རིགས་ཀྱི་སྐྱིན་ཁེབས་ཀྱི་སྟེང་ནས་མངོན་གྱི་ཡོད”ཅེས་ཅིན་ཏུང་ཤིའུ་ཡིས་བརྗོད།
          ངོ་སྤྲོད་བྱས་པར་གཞིགས་ན། བོད་རིགས་ཀྱི་སྐྱིན་ཁེབས་འཐག་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་གོང་ནས་གནའ་བོའི་ཆའང་རིགས་དང་མཐོ་བོད་དུ་ཅུང་དར་རྒྱས་ཆེ་བའི་ལག་ཤེས་འཐག་རྩལ་ཡོད་པ་དང་། དཀའ་ཚེགས་ཀྱི་འཚོ་བའི་ཆ་རྐྱེན་འོག་རྒྱན་གོས་སོགས་འཚོ་བའི་མཁོ་ཆས་ལ་སྤྱོད་གོའི་ནུས་པ་ལྡན་པ་ཕུད། མཛེས་དཔྱོད་ཀྱི་དོན་གཉེར་བྱེད་ས་ཆེན་པོ་ཡོད་པ་གསལ་བཤད་བྱེད་ཐུབ།
         འབྲེལ་ཡོད་སྡེ་ཚན་གྱིས་ལོ་མང་རིང་བོད་རིགས་བུད་མེད་མང་པོས་སྐྱིན་ཁེབས་འཐག་པའི་བཟོ་རྩལ་གྱི་རི་མོ་དང་། བརྙན་ལམ། དཔྱད་གཞིའི་ཡིག་རིགས། དངོས་རྫས་བཅས་བསྡུ་རུབ་དང་ལེགས་སྒྲིག་བྱས་ནས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ལས་དོན་ཤུགས་ཆེན་སྤེལ་ཡོད། དེའི་གྲས་སུ་ཅིན་ཏུང་ཤིའུ་ཚུད་པའི་རྒྱུན་འཛིན་པས་སྲིད་གཞུང་གི་རྒྱབ་སྐྱོར་འོག་ནམ་རྒྱུན་གཞན་ལ་སྐྱིན་ཁེབས་འཐག་རྩལ་སློབ་ཀྱི་ཡོད་པས་ཡུལ་དེ་གའི་བུད་མེད་དེ་བས་མང་བའི་ཡིད་དབང་བཀུག་ཡོད། གཞན་ཡང་སྐྱིན་ཁེབས་ཀྱི་བཟོ་རྩལ་ཐོན་རྫས་རྩེ་གྲ་ཡིན་པའི་ཆ་ནས་ཡུལ་སྐོར་བས་ཀྱང་དགའ་པོ་བྱེད་ཀྱི་ཡོད་པ་རེད།