འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་15ཉིན།

༄༅།།སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི“གྲོང་ཁྱེར་བརྒྱ་དང་རྫོང་བརྒྱ་ཁེ་ལས་བརྒྱའི”
བརྟག་ཞིབ་དཔེ་ཚོགས་དཔེ་སྐྲུན་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་15ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི“གྲོང་ཁྱེར་བརྒྱ་དང་། རྫོང་བརྒྱ། ཁེ་ལས་བརྒྱའི”བརྟག་ཞིབ་དཔེ་ཚོགས་མི་དམངས་དཔེ་སྐྲུན་ཁང་དང་སྤྱི་ཚོགས་ཚན་རིག་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པ་དང་། དཔེ་ཚོགས་དེར་ཀྲུང་དབྱང་དྲིལ་བསྒྲགས་པུས་སྒྲིག་འཛུགས་བྱས་ཏེ་སྤེལ་བའི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི“གྲོང་ཁྱེར་བརྒྱ་དང་། རྫོང་བརྒྱ། ཁེ་ལས་བརྒྱའི”བརྟག་ཞིབ་བྱེད་སྒོའི་གྲུབ་འབྲས་ཀྱི་ཕུལ་བྱུང་རྩོམ་ཡིག་164ལེགས་བསྒྲིགས་བྱས་པ་དག《སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་གྲོང་ཁྱེར་གྱི་འཕེལ་རྒྱས》དང་། 《སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་རྫོང་ཁོངས་ཀྱི་འཕེལ་རྒྱས》 《སྒྱུར་བཅོས་སྒོ་དབྱེ་དང་ཀྲུང་གོའི་ཁེ་ལས་ཀྱི་འཕེལ་རྒྱས》བཅས་རིགས་གསུམ་ལ་བགོས་ནས་དེབ་དགུ་བཏོན་པ་རེད།