འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅༎དཔེ་སྟོན་སློབ་ཚན་གྱིས་སློབ་ཁྲིད་ལ་སྐུལ་འདེད་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཟླ་12ཚེས་11ཉིན། ཕུལ་བྱུང་གཞོན་ནུ་དགེ་རྒན་གྱི་དཔེ་སྟོན་སློབ་ཚན་འགྲེམས་སྟོན་ཞིག་པེ་ཅིང་སློབ་འབྲིང་ལྔ་པར་གཉེར་ཞིང་། སློབ་འབྲིང་ལྔ་པའི་སློབ་གསོ་ཚོགས་པ་དང་པེ་ཅིང་དགེ་འོས་སློབ་ཆེན་གྱིས་མཉམ་དུ་གཉེར་བའི་སློབ་གྲྭའི་དོ་དམ་ལས་བྱེད་པ་དང་དགེ་རྒན་གྱི་འཇོན་ཐང་ཆེར་གཏོང་གི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭར་ཞུགས་པའི་དགེ་རྒན་ཚོས་སློབ་ཁྲིད་ཟབ་སྦྱོང་གྲུབ་འབྲས་འགྲེམས་སྟོན་བྱས་པར་སློབ་མ་ཚོའི་དགའ་བསུ་ཐོབ་པ་རེད།
     པེ་ཅིང་སློབ་འབྲིང་ལྔ་པའི་སློབ་གསོ་ཚོགས་པས་ཉེ་བའི་ལོ་ཤས་རིང་པེ་ཅིང་དགེ་འོས་སློབ་ཆེན་དང་རྣམ་གྲངས་མཉམ་ལས་བྱས་ཏེ་རྐང་འཛིན་དགེ་རྒན་སོགས་ལ་ཕྱོགས་བསྡུས་གསོ་སྦྱོང་བྱས་ནས་སློབ་གྲྭའི་སློབ་ཁྲིད་དང་དོ་དམ་སོགས་ཐད་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་བཏང་བ་རེད།