འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅༎ ཧྥུའུ་ཅན་གྱིས་དབང་པོ་སྐྱོན་ཅན་གྱི་སློབ་མར་ལོ་བཅོ་ལྔ་སློབ་ཡོན་མི་དགོས་པའི་སློབ་གསོའི་བྱ་ཐབས་ལག་བསྟར་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ཧྥུའུ་ཀྲོའུ་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧྥུའུ་ཅན་ཞིང་ཆེན་སློབ་གསོ་ཐིང་སོགས་སྡེ་ཚན་བརྒྱད་ཀྱིས《ཧྥུའུ་ཅན་ཞིང་ཆེན་གྱི་དུས་ཐེངས་གཉིས་པའི་དམིགས་བསལ་སློབ་གསོའི་ཆུ་ཚད་གོང་མཐོར་གཏོང་བའི་འཆར་གཞི》བཀྲམ་པའི་ནང་2019དང་2020ལོར་དམིགས་བསལ་སློབ་གྲྭ་དང་སློབ་གྲྭ་དཀྱུས་མར་ཞོར་འཛུགས་ཀྱི་དམིགས་བསལ་སློབ་གསོའི་འཛིན་གྲྭའི་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་དབང་པོ་སྐྱོན་ཅན་གྱི་སློབ་མའི་ནོར་སྲིད་ཀྱི་སློབ་མ་རེའི་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་སྤྲོད་པའི་ཚད་གཞི་དེ་དམའ་རིམ་སློབ་འབྲིང་དཀྱུས་མར་ལྡབ་9དང་ལྡབ་10སོ་སོར་མཐོ་རུ་བཏང་བ་དང་སློབ་གྲྭ་དཀྱུས་མའི་འཛིན་གྲྭ་དང་མཉམ་དུ་སློབ་སྦྱོང་བྱེད་བཞིན་པའི་དབང་པོ་སྐྱོན་ཅན་གྱི་སློབ་མ་རེའི་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་ཚད་གཞི་དེ་གཞིར་བཟུང་ལག་བསྟར་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།
     ཧྥུའུ་ཅན་གྱིས་དབང་པོ་སྐྱོན་ཅན་གྱི་ལོ་ཆུང་བྱིས་པར་ལོ་བཅོ་ལྔ་སློབ་ཡོན་མི་དགོས་པའི་སློབ་གསོའི་བྱ་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་སློབ་གྲྭ་དཀྱུས་མར་ཞོར་བཙུགས་ཀྱི་དམིགས་བསལ་སློབ་གསོའི་འཛིན་གྲྭའི་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་དབང་པོ་སྐྱོན་ཅན་གྱི་སློབ་མར“ཆག་ཡང་ལྔ་དང་ཁ་གསབ་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱས་པ་སྟེ་སློབ་གྲོན་རྩག་རྩིག་གི་རིན་པ་དང་། སློབ་དེབ་ཀྱི་རིན་པ། སྦྱོང་དེབ་ཀྱི་རིན་པ། ཞག་སྡོད་ཀྱི་རིན་པ་བཅས་ཆག་ཡང་བཏང་བ་དང་། འཚོ་བའི་གྲོན་དངུལ་དང་འགྲིམ་འགྲུལ་གྲོན་དངུལ་ཁ་གསབ་བྱས་ནས་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་དམིགས་བསལ་སློབ་གསོའི་སློབ་གྲྭར(འཛིན་གྲྭ)ཞག་སྡོད་བྱེད་མཁན་སློབ་མ་འཚོ་བའི་ཁ་གསབ་སློབ་མ་རེར་ལོ་ལྟར་སྒོར་3000སྤྲོད་རྒྱུའི་བཀོད་སྒྲིག་བྱས་པ་དང་། ཉིན་དགུང་སློབ་གྲྭར་སྡོད་མཁན་གྱི་སློབ་མར་ཞག་སྡོད་སློབ་མའི་ཁ་གསབ་ཚད་གཞི་གཞིར་བཟུང་ཚད་གཞིའི་ཕྱེད་ཀ་སྤྲོད་རྒྱུ་རེད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་འཛིན་གྲྭར་མཉམ་དུ་སློབ་སྦྱོང་བྱེད་བཞིན་པའི་དབང་པོ་སྐྱོན་ཅན་གྱི་སློབ་མར་སློབ་གྲོན་རྩག་རྩིག་གི་རིན་པ་དང་། སློབ་དེབ་ཀྱི་རིན་པ། སྦྱོང་དེབ་ཀྱི་རིན་པ། ཞག་སྡོད་ཀྱི་རིན་པ་བཅས་ཆག་ཡང་གཏོང་རྒྱུ་དང་འབྲེལ་སློབ་སྐྱོར་རོགས་དངུལ་དང་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ཁ་གསབ་སྤྲོད་རྒྱུ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་དུས་མཚམས་ཀྱི་འཛིན་གྲྭར་མཉམ་དུ་སློབ་སྦྱོང་བྱེད་བཞིན་པའི་དབང་པོ་སྐྱོན་ཅན་གྱི་སློབ་མར་སློབ་གྲོན་རྩག་རྩིག་གི་རིན་པ་དང་ཞག་སྡོད་ཀྱི་རིན་པ་ཆག་ཡང་གཏོང་བ་དང་འབྲེལ་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་སྤྲོད་རྒྱུ། བུ་བཅོལ་ཁང་དཀྱུས་མར་མཉམ་དུ་སློབ་སྦྱོང་བྱེད་བཞིན་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པར་སློབ་གསོ་འགན་ལེན་རིན་པ་ཆག་ཡང་གཏོང་བ་དང་འབྲེལ་སྲིད་གཞུང་གི་སློབ་སྐྱོར་རོགས་དངུལ་སྤྲོད་རྒྱུ་བཅས་རེད།