འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅།།བྱམས་སེམས་སྐྱེས་སུ་ཕུལ་ནས་དགུན་ཁར་དྲོ་སྐྱིད་སྦྱིན།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།བྱམས་སེམས་སྐྱེས་སུ་ཕུལ་ནས་དགུན་ཁར་དྲོ་སྐྱིད་སྦྱིན།
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་སྒྲིག་འཛུགས་བྱས་པའི“བོད་ལྗོངས་གསར་པར་ཅི་དགར་རོལ། འཛམ་གླིང་ཡང་རྩེ་སྲུང་སྐྱོང་བྱེད”ཅེས་པའི་བྱེད་སྒོའི་ཚོགས་པས་མངའ་རིས་རྩ་མདའ་རྫོང་དུ་ལོ་དགུ་རྒྱུན་མཐུད་ལམ་ལུགས་ཀྱི་སློབ་གྲྭའི་དཀའ་ངལ་ཡོད་པའི་སློབ་མ་160ལྷག་ལ་དྲོད་སྲུང་གྱོན་ཆས་དང་སློབ་སྦྱོང་ཡོ་བྱད་ཞལ་འདེབས་ཕུལ་བ་དང་། བྱིས་པ་ཚོར་གྲང་ངར་ཆེ་བའི་དགུན་དུས་སུ་དྲོ་སྐྱིད་སྦྱིན་ཡོད།