འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅།།ཧུའུ་ཁྲུན་ཧྭ་ཡིས་རྒྱལ་ཡོངས་ཀྱི་ཨ་ཧྥེ་རི་ཁའི་ཕག་རིམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཤུགས་
སྣོན་རྒྱག་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནན་བཤད་གནང་དོན། 

ཨ་ཧྥེ་རི་ཁའི་ཕག་རིམས་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཕག་ཤའི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་ཨ་ཧྥེ་རི་ཁའི་ཕག་རིམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཚེས་11ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཨ་ཧྥེ་རི་ཁའི་ཕག་རིམས་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལ་ཤུགས་སྣོན་དང་། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་སྔར་བས་དོན་འཁྱོལ།     ཕུགས་ཕན་གྱི་སྔོན་འགོག་ཚོད་འཛིན་གྱི་ལམ་སྲོལ་འཛུགས་པ་བཅས་བྱས་ནས་ཕག་པའི་ཐོན་ལས་ཀྱི་སྐྱོན་བྲལ་འཕེལ་རྒྱས་དང་ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཧུའུ་ཁྲུན་ཧྭ་ཡིས་མཛུབ་སྟོན་གནང་དོན། མིག་སྔར། ཨ་ཧྥེ་རི་ཁའི་ཕག་རིམས་སྔོན་འགོག་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་ལས་འགན་དཀའ་ཚེགས་ཆེན་པོ་ཡོད། དེར་བརྟེན་ངེས་པར་དུ་སྔོན་འགོག་ཚོད་འཛིན་གྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་འགག་རྩའི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་མུ་མཐུད་དོན་འཁྱོལ་ནན་པོ། རང་འགུལ་ངང་གྲལ་བཤེར་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན། རིམས་ནད་ཀྱི་གནས་ཚུལ་འཕྲལ་ཐག་ཆོད་ལ་ཚད་ལྡན་ངང་ཐག་གཅོད་བཅས་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་དགོས། སྔོན་འགོག་ཚོད་འཛིན་གྱི་ལམ་སྲོལ་སྔར་བས་འཐུས་ཚང་དང་། ཁུལ་དབྱེ་ནས་ཕྱོགས་ཡོངས་ནས་སྔོན་འགོག་ཚོད་འཛིན། རིགས་དབྱེ་ནས་མཛུབ་ཁྲིད་ལ་ཤུགས་སྣོན་བཅས་བྱས་ཏེ་ས་ཁོངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་མཐུན་སྦྱོར་དང་ལྟ་སྐུལ་གྱི་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་དགོས། ཕག་པ་ཐོན་སྐྱེད་དང་འཁོར་རྒྱུག་བྱེད་སྟངས་ལེགས་སྒྲིག་བྱས་ནས་ཨ་ཧྥེ་རི་ཁའི་ཕག་རིམས་སོགས་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་ཡུན་རིང་སྔོན་འགོག་ཚོད་འཛིན་བྱེད་དགོས་པའི་བླང་བྱ་ནས་འགོ་བཙུགས་ཏེ། ཕག་པ་གསོ་ཚགས་ཀྱི་བཀོད་པར་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་། བཤས་གཏོང་ཐོན་ནུས་ཀྱི་བཀོད་པ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། དེང་རབས་འཁྱགས་ཤའི་ཐོན་རྫས་འཁོར་རྒྱུག་དང་སྡེབ་སྐྱེལ་མ་ལག་འཛུགས་སྐྲུན་རྒྱབ་སྐྱོར་བྱས་ནས་ཕག་པ་ཐག་རིང་ལ་དབོར་འདྲེན་བྱེད་ཚད་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཉུང་དུ་གཏོང་དགོས། སྲོག་ཆགས་ཀྱི་སྔོན་འགོག་ཚོད་འཛིན་དང་ཚན་ཞིབ་འགག་སྒྲོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཕྱི་རྒྱལ་གྱི་རིམས་ནད་རང་རྒྱལ་དུ་མ་མཆེད་སྔོན་འགོག་ནན་པོ་མཐའ་གཅིག་ཏུ་བྱེད་དགོས། སྡེ་ཚན་དབར་མཉམ་འགོག་མཉམ་འདོམས་ཤུགས་ཆེན་བྱས་ནས་མཉམ་ལས་ཀྱི་བརྟག་དཔྱད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞི་རིམ་གྱི་ཕྱུགས་རིགས་སྨན་པའི་དཔུང་ཁག་བརྟན་པོ་དང་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་སྲོག་ཆགས་ཀྱི་རིམས་འགོག་འཇོན་ཐང་ཆེ་རུ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཤ་རིགས་མཁོ་སྤྲོད་ཕྱོགས་གཉིས་ཀར་དམ་འཛིན་མཐའ་འཁྱོངས་བྱས་ཏེ་ཕག་ཤའི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཡག་པོ་ཏན་ཏིག་བྱེད་དགོས།