འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅།།རྒྱལ་ཁབ་ཟློས་གར་ཁང་ཆེན་གྱིས་གསར་རྩོམ་བྱས་པའི་མི་རིགས་ཀྱི་ཟློས་གར《མཁའ་ལམ》ཡང་བསྐྱར་ནང་སྦྱོང་བྱས་ནས་འཁྲབ་སྟོན་བྱ་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།རྒྱལ་ཁབ་ཟློས་གར་ཁང་ཆེན་གྱིས་གསར་རྩོམ་བྱས་པའི་མི་རིགས་ཀྱི་ཟློས་གར《མཁའ་ལམ》ཡང་བསྐྱར་ནང་སྦྱོང་བྱས་ནས་འཁྲབ་སྟོན་བྱ་རྒྱུ་ཡིན་པ།
         ཉེ་ཆར། རྒྱལ་ཁབ་ཟློས་གར་ཁང་ཆེན་གྱིས་གསར་རྩོམ་བྱས་པའི་མི་རིགས་ཀྱི་ཟློས་གར《མཁའ་ལམ》སྨྱན་སྦྱོར་ཚན་པར་སྒོ་མོ་ཕྱེ་ནས་པར་ལེན་གྱི་བྱེད་སྒོ་སྤེལ་ཞིང་། ངོ་སྤྲོད་བྱས་པར་གཞིགས་ན། ཟླ་12ཚེས་14ནས་16ཉིན་བར་དང་། ཟླ་12ཚེས་18ནས་22ཉིན་བར་རྒྱལ་ཁབ་ཟློས་གར་ཁང་ཆེན་གྱིས་གསར་རྩོམ་བྱས་པའི་མི་རིགས་ཀྱི་ཟློས་གར《མཁའ་ལམ》ཡང་བསྐྱར་ནང་སྦྱོང་བྱས་ནས་འཁྲབ་སྟོན་བྱ་རྒྱུ་རེད། མཚོ་བོད་ལྕགས་ལམ་གསར་རྩོམ་གྱི་རྒྱབ་ལྗོངས་སུ་བྱས་པའི་དངོས་ཡོད་རིང་ལུགས་ཀྱི་བརྗོད་བྱའི་ཟློས་གར་དེར་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་འབད་བརྩོན་བརྟན་སྲུང་བྱེད་མཁན་ལམ་བཟོ་བ་དང་བོད་རིགས་སྤུན་ཟླའི་དབར་སེམས་པ་གཅིག་སྒྲིལ་གྱི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་ཞིབ་པར་གླེང་ཞིང་། འདི་ནི་འཁྲབ་སྟོན་པས་ཟློས་གར《མཁའ་ལམ》ནང་སྦྱོང་བྱེད་བཞིན་ཡོད་པ་རེད།