འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅།།བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་སྐྲུན་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་10ཉིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་སྐྲུན་འགོ་ཚུགས་པ་ལས། བོད་ཀྱི་གསོ་བ་རིག་པའི་སློབ་གསོའི་བྱ་གཞག་འཕེལ་རིམ་གསར་པར་སླེབས་པར་མཚོན་གྱི་ཡོད་ལ། བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་2020ལོར་རྒྱལ་ཡོངས་དང་དུས་གཅིག་ཏུ་འཕེལ་རྒྱས་འགྲོ་བའི་དམིགས་ཚད་མངོན་འགྱུར་ཡོང་བར་སྒུལ་ཤུགས་གསར་པ་བསྣན་པའང་མཚོན་གྱི་ཡོད།
        བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཡོན་ཀྲང་ཉི་མ་ཚེ་རིང་གིས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་21.38ཡོད་པ་དང་། སློབ་གསོ་པུའི་མཐོ་སློབ་འཛུགས་སྐྲུན་གྱི་གཞི་རྩའི་ཚད་གཞི་གཞིར་བཟུང་བ་མ་ཟད། སློབ་གྲྭའི་ཚན་ཁག་དང་ཆེད་ལས་ཀྱི་དམིགས་བསལ་དགོས་མཁོར་གཞིགས་ནས་ཇུས་འགོད་བྱས་པ་རེད་ལ། སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག ཚོད་ལྟ། དཔེ་དེབ་དྲ་བ། ལུས་རྩལ་སོགས་དང་། དེ་བཞིན་ཞབས་ཞུའི་བཀོད་སྒྲིག་འཐུས་ཚང་ཡོད། སློབ་ཆེན་དེ་ལྷ་ས་གྲོང་ཁྱེར་སློབ་གསོ་གྲོང་དུ་བསྐྲུན་རྒྱུའི་གཏན་འཁེལ་བ་དང་། 2021ལོར་བསྐྲུན་ཚར་བར་བྱས་ནས་བེད་སྤྱོད་གཏོང་རྩིས་ཡོད། སྤྱིའི་སྐྲུན་དངོས་བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་གྱི་མཐོ་གསར་ཚན་རྩལ་ཟུང་དུ་འབྲེལ་བས། བོད་ལུགས་གསོ་རིག་སློབ་ཆེན་གྱིས“སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་ཡར་བརྩོན”གྱི་སློབ་གཉེར་བསམ་གཞིག་མངོན་གྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།