འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅།།མཚོ་སྔོན་གོར་མོས་དཀའ་ངལ་ཡོད་པའི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དགུན་དུས་སླེབས་པ་ནས་བཟུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྱིས་ཚད་མཐོའི་མཐོང་ཆེན་དང་། སྤྱི་འདོམས་བཀོད་སྒྲིག སྒྲིག་འཛུགས་ཞིབ་ཚགས། རིགས་དབྱེ་རོགས་སྐྱོབ། གནད་སྨིན་རོགས་སྐྱོར་བཅས་བྱས་ཏེ་མང་ཚོགས་དབུལ་པོས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པ་དང་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད།
         གོར་མོ་གྲོང་ཁྱེར་གྱིས་ཆེད་མངགས་མི་སྣ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དང་དུད་ཚང་ཁག་ཏུ་བསྐྱོད་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མཐིལ་གྲངས་ཞིབ་ཕྲ་ཁོང་དུ་ཆུད་པར་བྱས་པ་དང་ཆབས་ཅིག དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་218ལ་རོགས་སྐྱོབ་དང་། སྐབས་འཕྲལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི་137.63སྤྲད་ཁར། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་རོགས་སྐྱོབ་བསྙེན་བཀུར་བྱ་ཡུལ་ལ་གཞི་རྩའི་འཚོ་བའི་ཁ་གསབ་དང་བདག་སྐྱོང་ཁ་གསབ་སྒོར་ཁྲི་63.42སྤྲད་པ་རེད།
        གྲོང་ཁྱེར་དེས་གྲོང་ཚོའི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་དམིགས་བསལ་བསྙེན་བཀུར་བྱ་ཡུལ་ལ་དྲོད་ལེན་ཁ་གསབ་དུད་ཚང་རེར་ལོ་རེར་སྒོར་800དང་། གྲོང་ཁྱེར་གྱི་དྲོད་ལེན་ཁ་གསབ་དུད་ཚང་རེར་ལོ་རེར་སྒོར་1000གི་ཚད་གཞི་ལྟར། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་526དང་དམིཌ་བསལ་བསྙེན་བཀུར་བྱ་ཡུལ་45ལ་དྲོད་ལེན་ཁ་གསབ་སྒོར་ཁྲི་50.68སྤྲད་པ་དང་། དུད་ཚང་526གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་1254ལ་མ་མཐའི་འགན་ལེན་དངུལ་དང་ཁ་གསབ་སྣ་ཚོགས་སྒོར་ཁྲི་922.48སྤྲད་པ་རེད།