འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་13ཉིན།

༄༅།།གངས་ལྗོངས་ཀྱི་ཆུ་འགོ་ནས་འཕྱུར་བའི་རྐང་རྩེད་སྤོ་ལོའི་ཕུགས་འདུན། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་13ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཁམས་པའི་བུ་མོ་ཀྲང་ཅིང་གིས་གཟའ་མཇུག་དང་། དུས་ཆེན། ངལ་གསོ་སོགས་ཀྱི་སྐབས་སུ་ཧ་ལམ་སྤྱིར་ན་རྐང་རྩེད་སྤོ་ལོའི་ཐང་དུ་རྐང་རྩེད་སྤོ་ལོ་རྩེ་བཞིན་ཡོད།
         བུ་མོ་ཞིག་རྟག་ཏུ་སྤོ་ལོ་བརྒྱབ་ནས་ཁྱིམ་དུ་སྡོད་ཁོམ་མེད་པས། ཨ་མས་རྟག་ཏུ་ཁོ་མོར་འཁང་ར་བྱེད། འོན་ཀྱང་རྐང་རྩེད་སྤོ་ལོའི་ཕུགས་འདུན་སྙེགས་པའི་ལམ་བུར་ཁོ་མོ་དང་འདྲ་བའི་རོགས་པ་ཧ་ཅང་མང་།
         མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་སྐྱེ་རྒུ་གྲོང་རྡལ་དུ་ཁོ་མོ་དང་འདྲ་བར་རྐང་རྩེད་སྤོ་ལོ་རྒྱག་པར་དགའ་བའི་བུ་མོ་ད་དུང་ཧ་ཅང་མང་། 2017ལོར་ཁོང་ཚོས་གངས་ལྗོངས་ས་མཐོའི་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག་ཐོག་མ་སྟེ། ཡུལ་ཤུལ་སྨོན་ལམ་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་བཙུགས།
        ལོ་26ལ་སླེབས་པའི་ཀྲང་ཅིང་ཆུང་དུས་ནས་ཡུལ་ཤུལ་དུ་འཚར་ལོངས་བྱུང་ཞིང་། ཁོང་གིས“ང་རང་ཆུང་དུས་ནས་རྐང་རྩེད་སྤོ་ལོ་རྒྱག་པར་ཧ་ཅང་དགའ། ཆུང་དུས་གཅེན་པོས་སྤོ་ལོ་རྒྱག་སྐབས་ངས་ཀྱང་དེའི་ནང་འཛུལ་གང་ཐུབ་བྱེད་ཀྱི་ཡོད། རྐང་རྩེད་སྤོ་ལོ་ནི་ང་དང་གཅེན་པོ་གཉིས་ཀའི་དགའ་ཕྱོགས་ཡིན། དེའི་རྒྱུ་མཚན་ཅི་ཡིན་ངས་ཀྱང་གསལ་པོ་མི་ཤེས”ཞེས་བརྗོད།
        གཟའ་མཇུག་འདིར་ཀྲང་ཅིང་དང་བུ་མོ་གཞན་དག་ཚོ་ཁ་ཆད་ལྟར་ཡུལ་ཤུལ་བཀྲ་ཤུལ་ཁུལ་རྟ་རྒྱུག་ཐང་གི་རྐང་རྩེད་སྤོ་ལོའི་ཐང་དུ་འཛོམས་ཤིང་། ས་བབ་སྨི་3700ཙམ་ཟིན་པའི་གནས་འདིར་ཁོང་ཚོས་སྤོ་ལོའི་གྱོན་ཆས་གྱོན་ནས་ས་མཐོའི་གྲང་རླུང་ལ་མ་འཛེམས་པར་འགྲན་བསྡུར་བྱས་པས། གང་སར་སྐྱེ་སྟོབས་ཀྱི་དཔལ་ལྷམ་མེར་འབར་བའི་ངང་ཚུལ་ཞིག་མངོན་འོང་།
        ཡུལ་ཤུལ་དུ་ས་ཡོམ་བརྒྱབ་རྗེས། ས་གནས་ཁག་གིས་རོགས་རམ་འོག་གནས་འདིར་སློབ་གྲྭའི་སྤོ་ལོ་ཐང་མང་པོ་བསྐྲུན་པ་དང་། ཀྲང་ཅིང་དང་རུ་མི་ཚོས་སྤོ་ལོ་རྒྱག་སའི་བཀྲ་ཤུལ་ཁུལ་རྟ་རྒྱུག་ཐང་དུ་ཡུལ་ཤུལ་ཀྲོའུ་ཡིས་ལོ་ལྟར་བོད་རིགས་ས་ཁུལ་གྱི་ཁམས་པའི་རྟ་རྒྱུག་དུས་ཆེན་གཟབ་རྒྱས་ཐེངས་ཤིག་གཉེར་གྱི་ཡོད།
        “རྐང་རྩེད་སྤོ་ལོར་བརྗོད་མི་ཤེས་པའི་ཡིད་དབང་འཕྲོག་ཤུགས་ཤིག་ལྡན་འདུག”ཅེས་ཀྲང་ཅིང་གིས་དེ་ལྟར་བརྗོད། ཁོ་མོས་དེ་སྔ་ཡུལ་ཤུལ་དུ་ས་ཡོམ་བརྒྱབ་རྗེས་ཁོ་ར་ཁོར་ཡུག་ཀུན་གྱང་རོར་གྱུར་ནས་སྤོ་ལོ་རྒྱག་རྒྱུར་འཚམ་པའི་ས་ཆ་ཞིག་རྙེད་ཁག་པོ་ཡིན་རུང་། གུར་གྱི་མདུན་དང་ལམ་འགྲམ་སོགས་ནས་རྐང་རྩེད་སྤོ་ལོར་དགའ་བའི་ཕྲུ་གུ་ཚོས་སྤོ་ལོ་རྒྱག་པ་དང་རྐང་རྩེད་སྤོ་ལོའི་འཐབ་རྩལ་གྲོས་བསྡུར་བྱེད་པའི་རྣམ་པ་མཐོང་རྒྱུ་ཡོད་པ་དང་། རྐང་རྩེད་སྤོ་ལོས་ཁོང་ཚོའི་སེམས་ཀྱི་རྨ་ཁ་གསོ་ཐབས་བྱས་པ་གསལ་པོར་དྲན་གྱི་ཡོད།
         ལོ་31ལ་སླེབས་པའི་དཀོན་མཆོག་ཡོན་ཏན་ནི་ཡུལ་ཤུལ་ཁམས་པའི་འབྲོང་རྒོད་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་ཡིན་པ་དང་། རྒྱབ་སྲུང་གཡོན་མ་བྱེད་བཞིན་ཡོད། 2006ལོར་བཙུགས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་དེའི་ནང་གཞུང་ཞབས་པ་དང་། སློབ་མ། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་སོགས་ཡོད་པ་དང་། རུ་ཁག་དེར་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་ནང་ཨང་དང་པོ་ཐེངས་མང་ཐོབ་ནས“གངས་ལྗོངས་ས་མཐོའི་རྐང་རྩེད་སྤོ་ལོའི་རྨི་འཕྲུལ་རུ་ཁག”ཅེས་སྐད་གྲགས་ཤིན་ཏུ་ཆེན་པོ་ལྡན་ཡོད།
       བོད་རིགས་ས་ཁུལ་དུ་འཚོ་བ་སྐྱེལ་བཞིན་པའི་ཕྲུ་གུ་མང་པོ་དང་འདྲ་བར་དཀོན་མཆོག་ཡོན་ཏན་བྱིས་དུས་ནས་གངས་རིའི་འདབས་དང་རྩྭ་ཐང་སྟེང་དུ་ཅི་དགར་རོལ་ནས་ནར་སོན་ཞིང་། “སྐབས་དེ་དུས་སྤོ་ལོ་རྒྱག་སྐབས་ཆ་རྐྱེན་དེ་ཙམ་ཡག་པོ་མེད་པས། ང་ཚོས་རྒྱུག་པ་གཉིས་བསླངས་ནས་སྤོ་ལོ་བླུག་སའི་སྒོ་བཟོ་ཡི་ཡོད”ཅེས་དཀོན་མཆོག་ཡོན་ཏན་གྱིས་དེ་ལྟར་བརྗོད།
        ད་ཆ། ཡུལ་ཤུལ་ལ་ཆེད་ལས་ཀྱི་རྐང་རྩེད་སྤོ་ལོའི་ཐང་ཡོད་པ་དང་། ནར་སོན་པའི་རྐང་རྩེད་སྤོ་ལོ་རྒྱག་མཁན་རྣམས་ཀྱི་ཧུར་སེམས་ཀྱང་ཆེ་རུ་ཕྱིན་ཡོད། གཟའ་མཇུག་སླེབས་རིམ་བཞིན་ཡུལ་ཤུལ་གྱི་སྤོ་ལོའི་ཐང་དུ་སྤོ་ལོའི་རུ་ཁག་མང་པོས་སྤོ་ལོ་ཐང་རེས་མོས་ངང་སྤྱོད་པའི་རྣམ་པ་མཐོང་ཐུབ་ལ། “ང་ཚོ་འདི་གར་རྐང་རྩེད་སྤོ་ལོའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད”ཅེས་ཡུལ་ཤུལ་ཁམས་པའི་འབྲོང་རྒོད་རྐང་རྩེད་སྤོ་ལོ་རུ་ཁག་གི་རྩལ་འཁྲིད་པ་ཝང་ཅུན་གྱིས་བཤད།
        དཀོན་མཆོག་ཡོན་ཏན་ནི་སྤོ་ལོའི་ཐང་དུ་མེད་དུ་མི་རུང་བའི་མི་སྣ་ཞིག་ཡིན་པ་དང་། འགྲན་རའི་ཕྱིར་ཁོང་གི་རང་འཁྲིའི་ལས་ཀ་ནི་སློབ་མ་ཚོར་སྤོ་ལོ་རྒྱག་སྟངས་བསླབ་རྒྱུ་དེ་རེད། སློབ་གྲྭར་ལུས་རྩལ་དགེ་རྒན་གཉིས་ལས་མེད་པས་དཀོན་མཆོག་ཡོན་ཏན་གྱིས་སློབ་གྲྭ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་སློབ་ཁྲིད་ཀྱི་འགན་འཁུར་དགོས་ཀྱི་ཡོད།
         རྐང་རྩེད་སྤོ་ལོ་བོད་རིགས་ས་ཁུལ་གྱི་ཕྲུ་གུ་རྣམས་དང་མཉམ་དུ་གནས་ཤིང་། ལོ་ན་18ལ་སོན་པའི་བསོད་ནམས་དབང་རྒྱལ་ནི་ཡུལ་ཤུལ་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་ནས་ཡིན་པ་དང་། རྐང་རྩེད་སྤོ་ལོར་དགའ་པོ་བྱེད་མཁན་ཞིག་ཀྱང་ཡིན། ཕ་ཡུལ་གྱི་ཡུལ་ཤུལ་ཀྲོའུ་མི་རིགས་སློབ་འབྲིང་ནས་ཐོན་རྗེས་ལེའོ་ཉིང་ཞང་ཡུས་སློབ་འབྲིང་དུ་མཐོ་འབྲིང་འགྲིམས་པ་རེད།
       “ལོ་ཁ་ཤས་འདས་རྗེས་སླར་ཡང་གངས་ལྗོངས་ས་མཐོ་དང་རང་ཉིད་ཀྱི་ཕ་མ་གཉིས་པོ་དང་ཁ་འབྲལ་སྐབས་ཐོག་མའི་འཁྲེང་སེམས་དེ་འདྲ་མི་འདུག སློབ་གྲྭར་བསྐྱོད་པ་ལས་ངས་ཕྱི་རོལ་གྱི་ཐང་གཤོངས་ཡངས་ཤིང་རྒྱ་ཆེ་བ་མཐོང་བྱུང་། འོན་ཀྱང་ངའི་འཚོ་བའི་ནང་རྐང་རྩེད་སྤོ་ལོར་བཅངས་པའི་དད་སེམས་དེར་འགྱུར་བ་གཏན་ནས་བྱུང་མྱོང་མེད”ཅེས་བསོད་ནམས་དབང་རྒྱལ་གྱིས་བརྗོད།