འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་12ཉིན།

༄༅།།ཕྱི་རྒྱལ་དུ་གྱར་བའི་རིག་དངོས་མེས་རྒྱལ་དུ་ཕྱིར་ལོག་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་12ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཕྱི་རྒྱལ་དུ་གྱར་བའི་རིག་དངོས་མེས་རྒྱལ་དུ་ཕྱིར་ལོག་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་11ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་ཟངས་ཀྱི"ཇ་དེམ"ཉར་ཚགས་བྱེད་པའི་མཛད་སྒོ་པེ་ཅིང་དུ་འཚོག་པ་དང་། ཡོན་མིན་ཡོན་སྐྱེད་ཚལ་གྱི་ཟངས་ཀྱི"ཇ་དེམ"ད་ལོའི་ཟླ་4པར་དབྱིན་ཇིའི་རིན་གོང་གང་མཐོར་འཚོང་བའི་སྒྲིག་གཞིས་འཚོང་བ་དང་། ཉོ་མཁན་གྱིས་ཟངས་ཀྱི"ཇ་དེམ"ཉོས་རྗེས། ཕྱི་རྒྱལ་དུ་ཡོད་པའི་ཉོ་མཁན་གྱིས་རིན་གོང་གང་མཐོར་འཚོང་བའི་སྒྲིག་གཞི་བརྒྱུད་དེ་རྒྱལ་ཁབ་རིག་དངོས་ཅུས་ལ་འབྲེལ་བ་བྱས་ནས། ཆ་རྐྱེན་གང་ཡང་མེད་པའི་ངང་རིག་དངོས་ལེགས་སྐྱེས་སུ་འབུལ་བ་རེད། གསལ་འབྱེད་བྱས་པ་བརྒྱུད། ཟངས་ཀྱི"ཇ་དེམ"དེ་ཤིས་ཀྲོའུ་དུས་མཇུག་གི་རིག་དངོས་ཡིན་པ་རེད།
【1】  【2】
༄༅།།ཕྱི་རྒྱལ་དུ་གྱར་བའི་རིག་དངོས་མེས་རྒྱལ་དུ་ཕྱིར་ལོག་བྱས་པ།