འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་12ཉིན།

༄༅།།ཙུང་ལི་ལི་ཁེ་ཆང་གིས་བོད་ལྗོངས་སུ་གཏན་འཁེལ་གནང་བའི་དམངས་འཚོའི་ལས་གྲྭའི་རྩིག་རྨང་འདིང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་12ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ཙུང་ལི་ལི་ཁེ་ཆང་གིས་བོད་ལྗོངས་སུ་གཏན་འཁེལ་གནང་བའི་དམངས་འཚོའི་ལས་གྲྭའི་རྩིག་རྨང་འདིང་འགོ་ཚུགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་11ཉིན། བོད་ལྗོངས་ཀྱི་ལག་རྩལ་བཟོ་པའི་རིགས་ཀྱི་སློབ་གྲྭ་དང་པོ་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་རྩིག་རྨང་འདིང་འགོ་ཚུགས་ཡོད།
         བོད་ལྗོངས་ལག་རྩལ་དགེ་རྒན་སློབ་གླིང་གི་རྣམ་གྲངས་ནི་འདི་ལོའི་ཟླ་7པར་ཙུང་ལི་ལི་ཁེ་ཆང་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་གཏན་འཁེལ་གནང་བའི་དམངས་འཚོའི་ལས་གྲྭ་ཆེན་པོ་གསུམ་གྱི་ཡ་གྱལ་གཅིག་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཛའ་བརྩེའི་ཐུགས་ཁུར་གནང་བ་མཚོན་ཡོད།
        བོད་ལྗོངས་ལག་རྩལ་དགེ་རྒན་སློབ་གླིང་གི་འཛུགས་སྐྲུན་རྣམ་གྲངས་དེ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར(སྣེའུ་ཤར་ཟམ་ཆེན་གྱི་བྱང་ངོས་དང་། ལྷ་གཞིས་ལྕགས་ལམ་གྱི་ནུབ་ངོས་།   ལྷོ་བསྐོར་མྱུར་བགྲོད་གཞུང་ལམ་གྱི་ཤར་ངོས་)སུ་གནས་ཡོད་ཅིང་། རྒྱ་ཁྱོན་ཧ་ལམ་མུའུ་380ཟིན་པ་དང་། རྣམ་གྲངས་དེར་ཁྱོན་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་10བཏང་ཡོད། འཆར་གཞི་ལྟར་ན་2020ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་རྒྱུ་རེད། འཛུགས་སྐྲུན་ཁྱབ་ཁོངས་ནང་ཕྱོགས་བསྡུས་སློབ་ཁྲིད་ཐོག་བརྩེགས་ཁང་ཆེན་དང་། གཞུང་ལས་ཐོག་ཁང་། ཕྱོགས་བསྡུས་དངོས་སྦྱོང་ཐོག་ཁང་། དངོས་སྦྱོང་བཟོ་ཁང་།  གསོ་སྦྱོང་ལྟེ་གནས། ལུས་རྩལ་ཁང་། ལུས་རྩལ་ཐང། སློབ་མའི་ཉལ་ཁང་། ཟ་ཁང་། ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། དཔེ་མཛོད་ཁང་། དགེ་རྒན་གྱི་ཉལ་ཁང་། སློབ་མའི་རིག་གནས་རོལ་རྩེད་ལྟེ་གནས་སོགས་ལེ་ལག་ཚང་བའི་སྒྲིག་ཆས་འདུས་ཡོད། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་15.73ཡོད།
         ཤེས་རྟོགས་བྱས་པར་གཞིགས་ན། སློབ་གྲྭ་འཛུགས་སྐྲུན་བྱེད་རིང་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་ལས་རིགས་རྩལ་ནུས་དངོས་སྦྱོང་ལྟེ་གནས་དེ་གནས་སྐབས་སློབ་གཉེར་ས་ཚིགས་བྱེད་རྒྱུ་ཡིན་པ་དང་། 2019 ལོར་སྔོན་དུས་ཀྱི་སློབ་མ་1500བསྡུ་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་ནང་སློབ་ཡུན་སློབ་གསོའི་སློབ་མ་200དང་། ཡུན་ཐུང་གི་སྦྱོང་བརྡར་སློབ་མ་1300བསྡུ་རྒྱུ་རེད།  སློབ་གླིང་དངོས་སུ་བསྐྲུན་རྗེས་སློབ་མ་5000ལྷག་ཙམ་བསྡུ་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་ནང་སློབ་ཡུན་སློབ་གསོའི་སློབ་མ་3000དང་། ལོ་ལྟར་དུས་ཡུན་འབྲིང་ཐུང་གི་སྤྱི་ཚོགས་ཅན་གྱི་གསོ་སྦྱོང་མི་ཐེངས་10000ཡན་ཟིན་རེ་ཡོད་པ་རེད།
༄༅།།ཙུང་ལི་ལི་ཁེ་ཆང་གིས་བོད་ལྗོངས་སུ་གཏན་འཁེལ་གནང་བའི་དམངས་འཚོའི་ལས་གྲྭའི་རྩིག་རྨང་འདིང་འགོ་ཚུགས་པ།