༄༅།།2019ལོའི་ཞིང་ཆེན་རིམ་པའི་ཚོགས་འདུ་གཉིས་ཀྱི་དུས་ཚོད་སྔ་རྗེས་སུ་ཡོངས་བསྒྲགས་བྱས་ཤིང་། མང་ཆེ་བ་
ཟླ་1པའི་ཟླ་དཀྱིལ་དང་ཟླ་སྨད་དུ་འཚོགས་རྒྱུ་རེད་འདུག
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 12ཚེས་12ཉིན། 13:47】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཀྲུ་གོ་གསར་འགྱུར་དྲ་བའི་གསར་འགོད་པས་བསྡོམས་བརྩིས་རག་ཙམ་བྱས་པར་གཞིགས་ན། མིག་སྔའི་བར་། ཉུང་མཐར་ཡང་ཞིང་ཆེན་26གིས་2019ལོའི་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་འཚོག་རྒྱུའི་དུས་ཚོད་གཏན་འཁེལ་བྱས་ཟིན་པ་དང་། ཞིང་ཆེན་མང་ཆེ་བའི་ཚོགས་འདུའི་དུས་ཚོད་ཟླ་1པོའི་ཟླ་དཀྱིལ་དང་ཟླ་སྨད་ཡིན་པ་རེད།
ཉུང་མཐར་ཡང་ཞིང་ཆེན་26གིས་མི་དམངས་འཐུས་ཚོགས་འཚོགས་རྒྱུའི་དུས་ཚོད་གཏན་འཁེལ་བྱས་ཟིན་ཡོད། ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པས་བསྡོམས་བརྩིས་རག་ཙམ་བྱས་པར་གཞིགས་ན། ཟླ་12ཚེས་11ཉིན་བར། ཉུང་མཐར་ཡང་ཞིང་ཆེན་26གི་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་2019ལོའི་ཟླ་དང་པོའི་ནང་འཚོག་རྒྱུ་རེད་འདུག
ས་གནས་ཁག་གི་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་འཚོགས་རྒྱུའི་ཞིབ་ཕྲའི་དུས་ཚོད་བཀོད་སྒྲིག་ལ་ལྟ་ཞིབ་བྱས་ན། སི་ཁྲོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་2019ལོའི་ཟླ་1ཚེས་14ཉིན་ཁྲེན་ཏུའུ་རུ་འཚོག་རྒྱུ་དང་། ཚོགས་འདུའི་དུས་ཡུན་སྔོན་བརྩིས་བྱས་ན་ཉིན་6ཡིན་པ་རེད། འདི་ནི་མིག་སྔའི་བར་ཚོགས་འདུའི་དུས་ཚོད་ཡོངས་བསྒྲགས་བྱས་པའི་ཞིང་ཆེན་ནང་གི་ཚོགས་འདུ་འཚོག་སྔ་ཤོས་ཀྱི་ཞིང་ཆེན་ཡིན་པ་རེད།
2019ལོའི་ཟླ་1པོའི་ཚེས་20ཉིན་ནས་ཚེས་25ཉིན་བར། ཉུང་མཐར་ཡང་ཞིང་ཆེན་13"དུས་གཅིག་ལ"ཞིང་ཆེན་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་འཚོག་རྒྱུ་རེད། དེའི་ཁྲོད་། ལེའོ་ཉིན་དང་། ཅང་ཤིས། ཧུའུ་ནན། ཧའེ་ནན། ཡུན་ནན། ཉིང་ཞ། ཧྲའན་ཤིས་བཅས་ཞིང་ཆེན་གྱིས་ཟླ་1ཚེས་22ཉིན་ཚོགས་འདུ་གཉིས་འཚོག་རྒྱུ་རེད།
གཞན་ཡང་། ཞིང་ཆེན་འགའ་ཞིག་གིས་ཚོགས་འདུ་འཚོག་པའི་ཞིབ་ཕྲའི་དུས་ཚོད་ཡོངས་བསྒྲགས་བྱས་མེད་མོད། ཡིན་ནའང་། ཚོགས་འདུ་འཚོག་པའི་དུས་ཚོད་རགས་ཙམ་བཤད་པ་སྟེ། དཔེར་ན། བོད་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་འཚོག་རྒྱུའི་དུས་ཚོད་ནི"ཟླ་1པོའི་ཟླ་དཀྱིལ"ལ་ཡིན་པ་དང་། ཅིན་ལིང་དང་། ཅང་སུའུ། ཧྲན་ཏུང་། ཀུའེ་ཀྲོའུ་། ཀན་སུའུ་བཅས་ཀྱི་ཚོགས་འདུའི་དུས་ཚོད་ནི་ཟླ་དང་པོའི་ཟླ་སྨད་དུ་ཡིན་པ་རེད།