འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་12ཉིན།

༄༅།།ཚོན་མདོག་རྣམ་པར་བཀྲ་བའི་མེ་ཏོག་སོས་པའི་དུས་ཆེན། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་12ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའ་འཕྲིན། ཟླ་12ཚེས་8ཉིན་ལྷོ་ཨ་ཧྥེ་རི་ཁའི་རང་དབང་ཀྲོའུ་ཞིང་ཆེན་གྱི་མེ་ཏོག་སོས་པའི་དུས་ཆེན་རིང་མེ་ཏོག་གི་མཛེས་རྒྱན་སྤྲས་པའི་རླངས་འཁོར་སྐོར་སྐྱོད་བྱས་ཏེ་ཡུལ་སྐོར་བ་འབོར་ཆེན་ལྟད་མོ་ལྟ་བར་འགྲོ་བའི་ཡིད་དབང་བཀུག་ཡོད། རང་དབང་ཀྲོའུ་ཞིང་ཆེན་གྱི་མེ་ཏོག་སོས་པའི་དུས་ཆེན་ཚེས་7ཉིན་ནས་འགོ་ཚུགས་པ་དང་གཙོ་གཉེར་ཕྱོགས་ཀྱིས་མེ་ཏོག་སོས་པའི་དུས་ཆེན་བརྒྱུད་ས་གནས་དེ་གའི་མེ་ཏོག་འདེབས་མཁན་ཚོར་གོ་སྐབས་གསར་པ་ཐོབ་པའི་རོགས་རམ་བྱེད་པ་དང་ཆབས་ཅིག་ལྟ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་པའི་རེ་བ་བཅངས།