འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་12ཉིན།

༄༅།།ཤིང་རྟ་ལོའི་མཚོ་ཐོག་དམག་འཁྲུག་གི་ཀྲེ་ཡོན་རྟགས་ཅན་གྱི་དམག་གྲུའི་ཇུས་བཀོད་རི་མོ་ལོ་བརྒྱའི་རྗེས་སུ་དབྱིན་
ཇི་ནས་ཡང་བསྐྱར་རྙེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་12ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་དབྱིན་ཇིའི་གྲོང་ཁྱེར་ཉིའུ་ཁ་སིར་ནས་ཟླ་12ཚེས་10ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། རིང་ཚད་སྨི་གཉིས་ཡོད་པའི་ཚོན་མདོག་སྐྱ་སེར་གྱི་ཡ་མ་སོ་མའི་ཤོག་བུའི་སྣེ་མོ་ལྟེབས་རྩེག་ཐེབས་པ་དང་དེའི་སྟེང“མཚོ་སྐོར་དམག་གྲུ་ཨང་རྟགས་493དང་494”ཞེས་ཡི་གེ་གསལ་པོ་འཁོད་ཡོད། ལོ་བརྒྱ་སོང་རྗེས་ཤིང་རྟ་ལོའི་མཚོ་ཐོག་དམ་འཁྲུག་ཁྲོད་རི་པིན་གྱི་གྲུ་གཟིངས་ལ་འགོག་རྒོལ་བྱས་རྗེས་མཚོ་ནང་དུ་ནུབ་པའི་ཆིང་རྒྱལ་རབས་ཀྱི་པེ་དབྱང་མཚོ་དམག་གི་ཀྲེ་ཡོན་རྟགས་ཅན་གྱི་དམག་གྲུ་ཐོན་ཡུལ་གྱི་བཟོ་གྲྭའི་ཇུས་བཀོད་དཔེ་རིས་ཁ་ཤས་དེ་སྐྲུན་ཡུལ--དབྱིན་ཇིའི་ཉིའུ་ཁ་སིར་གྲོང་ཁྱེར་གྱི་ཡིག་ཚགས་ཁང་ཞིག་ཏུ་ཐོག་མར་རྙེད་ནས་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་ལོ་རྒྱུས་དེ་ཤེས་རྟོགས་བྱ་ཆེད་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ཐེ་ཨིན་—ཝེར་ཡིག་ཚགས་ཁང་དུ་ཉིའུ་ཁ་སིར་ས་ཁུལ་གྱི་དུས་རབས་བཅུ་གཉིས་པ་ནས་ད་བར་གྱི་གྲུ་གཟིངས་བཟོ་སྐྲུན་དང་ཨར་སྐྲུན་གྱི་ཡིག་ཚགས་གལ་ཆེན་ཉར་ཚགས་བྱས་ཡོད་ཅིང་། གསར་འགོད་པར་ད་དུང་ཀྲེ་ཡོན་རྟགས་ཅན་གྱི་དམག་གྲུའི་འདྲ་པར་དང་། ཆིང་སྲིད་གཞུང་གིས་སྐབས་དེ་དུས་མངགས་ཉོ་བྱས་པའི་དམག་གྲུའི་འབྲེལ་ཡོད་ཡི་གེ ཁྲའོ་ཡུང་རྟགས་ཅན་གྱི་དམག་གྲུའི་ཇུས་བཀོད་དཔེ་རིས་སོགས་ཡིག་ཚགས་ཁྱོན་300ཙམ་རྩད་རྙེད་ཐུབ་པ་རེད།
     ཀྲེ་ཡོན་རྟགས་ཅན་གྱི་དམག་གྲུ་ནི་པེ་དབྱང་མཚོ་དམག་གི་སྔོན་ཐོན་དམག་གྲུའི་གྲས་ཤིག་ཡིན་པ་དེ་1887ལོར་ལེགས་གྲུབ་ཟིན་པ་དང་། 1894ལོའི་ཤིང་རྟ་ལོའི་དམག་འཁྲུག་ཁྲོད་ཏེང་ཧྲེ་ཁྲང་གིས་དམག་དཔོན་བྱས་པའི་ཀྲེ་ཡོན་རྟགས་ཅན་གྱི་དམག་གྲུས་རི་པིན་གྱི་དམག་གྲུར་ཕར་རྒོལ་བྱེད་སྐབས་མདེལ་ཕོག་ནས་མཚོ་ནང་དུ་ནུབ་པ་དང་དམག་གྲུའི་ནང་གི་དཔོན་དམག་ཕལ་ཆེ་བ་གཟི་བརྗིད་ངང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་ཤོར་བ་རེད།