འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་11ཉིན།

༄༅།།པུའུ་ཨུ་སྡེ་ཁག་བཞི་ཡིས་ཁྲལ་དོན་འཛིན་ཤོག་རྫུན་མ་སྤྲོད་པ་དང་ཁྲལ་དངུལ་གཡོ་ལེན་བྱེད་པར་རྡུང་རྡེག་
བཏང་ཞིང་།  མི252ཀྱིས་མགོ་བཏགས་འདུག

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་11ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་10ཉིན། གསར་འགོད་པས་རྒྱལ་ཁབ་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱུང་གསལ། ད་ལོའི་ཟླ་8པ་ནས་བཟུང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་སྤྱི་བདེ་པུའུ། མཚོ་འགག་སྤྱི་ཁྱབ་ཧྲུའུ། ཀྲུང་གོའི་མི་དམངས་དངུལ་ཁང་བཅས་པུའུ་ཨུ་སྡེ་ཁག་བཞི་ཡིས་ཐུན་མོང་ངང་ཁྲལ་དོན་འཛིན་ཤོག་རྫུན་མ་སྤྲོད་པ་དང་ཁྲལ་དངུལ་གཡོ་ལེན་བྱེད་པར་རྡུང་རྡེག་གཏོང་བའི་ལོ་གཉིས་རིང་གི་ཆེད་དོན་བྱེད་སྒོ་སྤེལ་ཡོད། དེར་ཁྲལ་དོན་འཛིན་ཤོག་རྫུན་མ་སྤྲོད་པ་ཁོ་ན་ལས་དོན་ངོ་མར་ཚོང་གཉེར་ལས་སྒོ་གང་ཡང་མེད་པའི"ཁེ་ལས་རྫུན་མ"དང་། ཁྲལ་དངུལ་ཕྱིར་སློག་ཆེད་ཁོ་ན་ལས་དོན་ངོ་མའི་ཕྱིར་གཏོང་མེད་པའི་"ཕྱིར་གཏོང་རྫུན་མ"གཙོ་བོར་བཟུང་ཞིང་། ཁྲིམས་འགལ་ལ་རྡུང་རྡེག་བཏང་ནས་ཁྲིམས་བསྟར་གྱི་ཟིལ་ཤུགས་མངོན་པ་བརྒྱུད། ཁྲལ་བསྡུའི་སྒྲིག་ལམ་ལ་དག་ཐེར་དང་ཚད་ལྡན་བྱུང་སྟེ། དྲང་བདེན་དང་གོ་རིམ་ལྡན་པའི་ཁྲལ་བསྡུ་ཚོང་གཉེར་གྱི་ཁོར་ཡུག་བསྐྲུན་ཡོད། ཆེད་དོན་བྱ་འགུལ་སྤེལ་ནས་ཟླ་གཉིས་རིང་། ས་ཆ་སོ་སོ་ནས་ཁྲལ་དོན་དང་འབྲེལ་བའི་ཁྲིམས་འགལ་གྱོད་དོན་ཁག་ཆེན་པོ་ཅིག་བསྒྲུབས་ཏེ་ཆེད་དོན་བྱ་འགུལ་ལ་ཐོག་མའི་གྲུབ་འབྲས་བླངས་ཡོད། 
     བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་8ཚེས་22ཉིན་ནས་ཟླ་11པའི་ཟླ་མཇུག་བར། རྒྱལ་ཡོངས་ནས་གནས་ཐང་འཕར་བའི་ཁྲིམས་འགལ་འཛིན་ཤོག་རྫུན་མ་སྤྲོད་པའི"ཁེ་ལས་རྫུན་མ"ཡི་དོགས་གཞི་ཡོད་པ45749དང་། ཕྱིར་གཏོང་ཁྲལ་སློག་གཡོ་ལེན་བྱེད་པའི"ཁེ་ལས་རྫུན་མ"ཡི་དོགས་གཞི་ཡོད་པ467བཅས་ཁྱོན་བསྡོམས་ཁེ་ལས46216ཞིབ་བཤེར་ཐག་གཅོད་བྱས་ཡོད། གཏན་འཁེལ་གྱིས་ཕྱི་ལ་ཕྱོགས་པ་དང་གནས་ཐང་འཕར་བའི་འཛིན་ཤོག་རྫུན་མ་སྤྲོད་པ་དང་ལེན་བྱེད་པ། དེ་བཞིན་ཚབ་འཕྲི་རུང་བའི་འཛིན་ཤོག་གཞན་དག་རིགས་ཁྲི 255.62ཡོད་པའི་གྱོད་འབྲེལ་ཁྲལ་འབབ་སྒོར་དུང་ཕྱུར་491.61ཟིན་ཡོད།  ཆེད་དོན་བྱེད་སྒོ་སྤེལ་བའི་ཚུན་དུ། རྒྱལ་ཡོངས་སུ་ཁྲལ་དངུལ་བསླུ་ལེན་གྱི་ཁྲིམས་འགལ་ཉེས་དོན་སྟོབས་ཤུགས་ལ་ཚད་འཛིན་ནུས་ལྡན་ཐོན་ཡོད་པ་སྟེ། ཅང་སུའུ་དང་ཅང་ཞི། མཚོ་སྔོན། ཡུན་ནན། ཤིན་ཅང་བཅས་ས་ཁུལ་ནས་དོགས་ཡོད་ཉེས་ཅན 252 ཀྱིས་ཆེད་དོན་བྱེད་སྒོའི་གནོན་ཤུགས་མ་བཟོད་པར་རང་འགུལ་ངང་མགོ་བཏགས་འདུག
     གྲངས་གཞི་གསར་ཤོས་ལས་མངོན་གསལ་ལྟར་ན། རྒྱལ་ཡོངས་ནས་ཁྲལ་དོན་འཛིན་ཤོག་རྫུན་མ་སྤྲོད་པ་དང་། ཁྲལ་གཡོ་ལེན་བྱས་པའི་གྱོད་དོན 1268 ལ་ཞིབ་བཤེར་ཐག་གཅོད་ཐུབ་ཡོད་ལ། དོགས་ཡོད་ཉེས་ཅན 2525 བཟུང་ཡོད་པ། གྱོད་འབྲེལ་དངུལ་སྒོར་དུང་ཕྱུར 183.8 ཟིན་ཞིང་། སྒོར་དུང་ཕྱིར 7.36 གི་དཔལ་འབྱོར་གྱོད་གུད་སེལ་ཐུབ་ཡོད་པ་རེད།