འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་11ཉིན།

༄༅།།བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་བསྐྲུན་འགོ་འཚུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་11ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་བསྐྲུན་འགོ་འཚུགས་པའི་ཡུལ་དངོས།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་བསྐྲུན་འགོ་འཚུགས་པའི་ཡུལ་དངོས།
          མི་དམངས་དྲ་བའི་འཕྲིན། ཟླ12ཚེས10ཉིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་བའི་འཛུགས་སྐྲུན་རྣམ་གྲངས་ཀྱི་རྩིག་རྨང་འདིང་བའི་མཛད་སྒོ་ལྷ་ས་གྲོང་ཁྱེར་དུ་འཚོགས་ཤིང་། འཆར་གཞི་ལྟར་ན་2021ལོར་སྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་རེད།
             བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པའི་རྣམ་གྲངས་ལྷ་ས་གྲོང་ཁྱེར་སློབ་གསོ་གྲོང་དུ་གནས་ཡོད་ཅིང་། ས་བཟུང་རྒྱ་ཁྱོན་མུའུ500ཟིན་པ་དང་།  རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར10བཏང་ཡོད་ལ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི21.38ཟིན་ཡོད།  རྣམ་གྲངས་དེ་སློབ་གསོ་པུའི་མཐོ་སློབ་འཛུགས་སྐྲུན་གྱི་གཞི་རྩའི་ཚད་གཞི་དང་སློབ་གྲྭའི་ཚན་ཁག་དང་ཆེད་ལས་ཀྱི་ཁྱད་ཆོས་དགོས་མཁོ་ལྟར་ཇུས་འགོད་བྱས་ཡོད་དེ། སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག  ཚོད་ལྟ་།  དཔེ་དེབ་དྲ་རྒྱ། ལུས་རྩལ་སོགས་ཆ་སྒྲིག་དང་ཞབས་ཞུའི་སྒྲིག་ཆས་ཆ་ཚང་ཡོད་པ་དང་།  འཛུགས་སྐྲུན་རྣམ་པ་དེར་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་གྱི་ཚན་རྩལ་ཟུང་འབྲེལ་དམ་ཟབ་བྱས་པའི་ཁྱད་ཆོས་ལྡན་ཡོད།
         བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཉི་མ་ཚེ་རིང་གིས། སློབ་ཁུལ་གསར་པ་འཛུགས་སྐྲུན་བྱས་ཟིན་རྗེས། དུས་འགོར་སློབ་སྦྱོང་བྱ་མཁན་ཆེད་ལས་9ཡི་སློབ་མ་3000ལྷག་དེ་གར་སློབ་སྦྱོང་བྱ་རྒྱུ་ཡིན་པ་རེད། གོམ་སྟབས་རྗེས་མར་བོད་ལུགས་གསོ་བ་རིག་པས་གཙོ་བོར་བྱེད་པའི་བོད་ཀྱི་གསོ་རིག་དང་བོད་སྨན་རིག་པ་གཉིས་ཀྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཚན་ཁག་མང་པོ་འཐུས་ཚང་དུ་བཏང་ནས། ཆེད་ལས་15ཡི་སློབ་མ་5000ཙམ་བར་རྒྱ་བསྐྱེད་གཏོང་རྒྱུ་དང་དངོས་གཞིའི་ཚན་ཁག་གི་སློབ་གསོ་གཙོ་བོར་བྱེད་པ་དང་། ཞིབ་འཇུག་སློབ་མའི་སློབ་གསོ་དང་རྒྱུན་མཐུད་སློབ་གསོ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རིམ་པ་མང་བའི་སློབ་གསོའི་མ་ལག་འཛུགས་རྒྱུ་ཡིན་པ་བསྟན་ཡོད།
 
བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་སློབ་རྣམས་ཀྱིས་སློབ་ཁུལ་གསར་པ་བསྐྲུན་འགོ་འཚུགས་པའི་མཛད་སྒོར་ཞུགས་བཞིན་པ།
བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་སློབ་རྣམས་ཀྱིས་སློབ་ཁུལ་གསར་པ་བསྐྲུན་འགོ་འཚུགས་པའི་མཛད་སྒོར་ཞུགས་བཞིན་པ།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པའི་རྩིག་རྨང་འདིང་བའི་མཛད་སྒོ་འཚོགས་པའི་ཡུལ་དངོས།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པའི་རྩིག་རྨང་འདིང་བའི་མཛད་སྒོ་འཚོགས་པའི་ཡུལ་དངོས།