འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་11ཉིན།

༄༅།།དཀར་མཛེས་ལི་ཐང་རྫོང་གི་སྐྱེ་ལྡན་ཤིང་འབྲས་དང་སྔོ་ཚལ་ཕྱིར་གཏོང་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་11ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
            མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིན་ཧྭ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། ཉེ་དུས་ཀྲུང་གུང་ལི་ཐང་རྫོང་ཨུད་དང་། ལི་ཐང་རྫོང་མི་དམངས་སྲིད་གཞུང་། སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་བཅས་ཀྱིས་གཙོ་གཉེར་བྱས་པའི་མཐའ་སྣེའི་ཤིང་འབྲས་དང་སྔོ་ཚལ་དབུལ་སྐྱོར་གྱི་སྦྲེལ་མཐུད་ཚོགས་འདུ་ཁྲེང་ཏུར་འཚོགས་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་100ལྷག་གིས་ཚོགས་འདུའི་ཐོག་ལི་ཐང་རྫོང་གི་ཞིང་ལས་འཕེལ་རྒྱས་ཀྱི་ད་ཆའི་གནས་བབ་དང་། ལེགས་ཆ། འབྱུང་འགྱུར་བཅས་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
          ཚན་རིག་ཞིབ་འཇུག་སུའོ་དང་ཞིང་ལས་རིགས་གཅིག་མཁས་ཅན་གྱི་རོགས་རམ་འོག ལི་ཐང་རྫོང་མི་དམངས་ཀྱིས་ས་མཐོར་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་མི་ཐུབ་པའི་གནས་སྟངས་མཇུག་འགྲིལ་ནས་འབྲི་ཏ་ས་འཛིན་དང་། ཀྲོ་མ་ཀྲུ་ཆུང་ངུ་། སྔོ་ཚལ་སོགས་ལྷད་མེད་རང་བྱུང་གི“མཐའ་སྣེའི་ཤིང་འབྲས་དང་སྔོ་ཚལ”འདེབས་འཛུགས་ལེགས་གྲུབ་བྱུང་བས་ལྷོ་སྣེ་དང་བྱང་སྣེ་ཕུད་པའི་འཛམ་གླིང་གི“སྣེ་གསུམ་པ”སྟེ་མཚོ་བོད་ས་མཐོར་སྐྱེ་ལྡན་ཤིང་འབྲས་དང་སྔོ་ཚལ་སྐྱེ་ཐུབ་པ་བྱུང་ཡོད།
         “མཐའ་སྣེའི་ཤིང་འབྲས་དང་སྔོ་ཚལ”གྱི་མངར་ཚད་རན་པ་དང་། ཆུ་མང་བ། བྲོ་བ་ཞིམ་པས་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འཁྱགས་གཏོང་འཁོར་འབྲེལ་ཟོག་འགྲེམས་ལ་བརྟེན་ནས་ལི་ཐང་རྫོང་ནི་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཞིང་ལས་ཐོན་ལས་གཞན་སྒྱུར་གྱི་ཐོན་སྐྱེད་རྟེན་གཞི་གལ་ཆེན་དང་སི་ཁྲོན་གྱི་ཚལ་ཐད་ཀར་ཤང་ཀང་དང་། ཨའོ་མན། ཐའེ་དབན་བཅས་ལ་མཁོ་འདོན་བྱེད་པའི་ཚོད་ལྟའི་རྟེན་གཞིའི་རྫོང་དུ་གྱུར་ཡོད།
          དབུལ་སྐྱོར་ལ་སྤྱི་ཚོགས་ཡོངས་ཀྱི་རྒྱབ་སྐྱོར་དགོས་པས། ལི་ཐང་རྫོང་གི“མཐའ་སྣེའི་ཤིང་འབྲས་དང་སྔོ་ཚལ”གྱི་ཐོན་ལས་ལ་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་དང་མཐོང་ཆེན་ཐོབ་ཡོད། རིགས་གཅིག་མཁས་ཅན་དང་མཁས་དབང་གིས་འབྱུང་འགྱུར་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་དང་རོགས་སྐྱོར་འོག “མཐའ་སྣེའི་ཤིང་འབྲས་དང་སྔོ་ཚལ”གྱིས་སི་ཁྲོན་གྱི་ཁྱད་ལྡན་ཐོན་རྫས་སྔར་ལས་མང་བ་དང་ལེགས་པ་གང་མང་བཏོད་དེ་རྒྱུན་ཆད་མེད་པའི་གསར་གཏོད་ལས་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུ་རེད།