འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་11ཉིན།

༄༅།།ཁུ་པའི་སྒེར་གཉེར་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་དངོས་སུ་གོ་ཆོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་11ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཁུ་པ་སྲིད་གཞུང་གིས་དེ་གོང་ཁྱབ་བསྒྲགས་བྱས་པའི་སྒེར་གཉེར་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་ཟླ་12ཚེས་7ཉིན་དངོས་སུ་གོ་ཆོད་ཅིང་། དེ་བས་ལེགས་པའི་སྒོ་ནས་སྒེར་གཉེར་དཔལ་འབྱོར་གྱི་ལས་མིའི་དགོས་མཁོ་སྐོང་ཆེད་དངོས་སུ་གོ་ཆོད་པའི་སྲིད་གཞུང་གི་སྒྲིག་སྲོལ་གསར་པའི་ནང་འབྲེལ་ཡོད་གཏན་འབེབས་ལྷུག་ཏུ་བཏང་ཡོད། ཁུ་པས་2010ལོ་ནས་བཟུང་རིམ་གྱིས་སྒེར་གཉེར་དཔལ་འབྱོར་གྱི་སྒོ་མོ་ཕྱེ་ཡོད། ཁུ་པ་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་2018ལོའི་ཟླ་བ་བཅུ་པ་བར་སྒེར་གཉེར་དཔལ་འབྱོར་གྱིས་ཁུ་པར་ལས་གནས་ཁྲི་58བཏོད་ཡོད།