འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་11ཉིན།

༄༅།།ཞི་བདེའི་གྲུ་གཟིངས་ཀྱིས་ཆི་ལིར་མཛའ་མཐུན་འཚམས་འདྲི་བྱས་པ་ཡོངས་སུ་བསྒྲུབས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་11ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཆི་ལིའི་གྲོང་ཁྱེར་ཝར་ཕ་ལེ་སོ་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་གསལ། “ཞི་མཐུན་འགན་འཁྲི། 2018”ཞེས་པའི་ལས་འགན་སྒྲུབ་མཁན་ཀྲུང་གོའི་མཚོ་དམག་གི་ཞི་བདེའི་སྨན་ཁང་གྲུ་གཟིངས་ཀྱིས་ཚེས་8ཉིན་ཆི་ལིར་མཛའ་མཐུན་གྱི་འཚམས་འདྲི་བྱས་པ་ཡོངས་སུ་བསྒྲུབས་ཏེ་ཝར་ཕ་ལེ་སོ་གྲུ་ཁ་ནས་རྡོག་ཐོན་བྱས་ཏེ་རང་རྒྱལ་དུ་ཕྱིར་ལོག་བྱས་པ་རེད།
     འཚམས་འདྲི་བྱེད་རིང་། “ཞི་མཐུན་འགན་འཁྲི། 2018”ཞེས་པའི་ལས་འགན་གྱི་བཀོད་འདོམས་བས་ཆི་ལིའི་མཚོ་དམག་གི་ཚན་མོའུ་ཀྲང་ཀྲུང་ཅང་དམག་དཔོན་ཧོ་སའེ་·ལི་ཝུའེ་ལ་དང་། རྒྱལ་ཁབ་དམག་གྲུ་རུ་ཁག་གི་སི་ལིང་ཧྲའོ་ཅང་དམག་དཔོན་ཧོར་ཧོ་·ཝུའུ་ཅར་ཏེ་སོགས་དང་ཐུག་འཕྲད་བྱས་ཏེ། ལི་ཝུའེ་ལས“ཆི་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོ་ས་ཐག་རྒྱང་གིས་ཆོད་ཀྱང་ང་ཚོ་ཞི་བདེ་རྒྱ་མཚོ་ཆེ་མོའི་གཞོགས་གཉིས་སུ་གནས་པའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས། རྒྱལ་ཁབ་གཉིས་པོའི་མཚོ་དམག་གིས་ཕན་ཚུན་དབར་འགྲོ་འོང་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བར་ལེགས་སྐྱེས་ཕུལ་དགོས”ཞེས་བཤད།
     ཞི་བདེའི་གྲུ་གཟིངས་ཆི་ལིའི་མཚོ་དམག་བཙུགས་ནས་ལོ་200འཁོར་བར་རྟེན་འབྲེལ་ཞུ་བའི་རྒྱལ་སྤྱིའི་མཚོ་དམག་གི་མཚོ་གྲུའི་དམག་གཟིགས་བྱེད་སྒོར་ཞུགས་ནས་རྒྱལ་ཁབ་མང་པོའི་གྲུ་གཟིངས་དང་། ཆུར་འཛུལ་གྲུ་གཟིངས། གནམ་གྲུ་བཅས་མཉམ་དུ་སྟོན་པ་དང་། ཆི་ལིའི་ཙུང་ཐུང་ཕེ་ཉེ་ལ་བྱེད་སྒོར་ཞུགས་ནས་གཟིགས་ཞིབ་གནང་བ་དང་ལྟད་མོ་བ་ཁྲི་མང་པོ་ལྟད་མོ་ལྟ་བར་སླེབས་ཤིང་། ཞི་བདེའི་གྲུ་གཟིངས་ཀྱི་དཔོན་དམག་གི་ངོ་མཚར་ཆེ་བའི་མཚོན་ཚུལ་ལ་བསྔགས་བརྗོད་ཐོབ་ཡོད།