འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་11ཉིན།

༄༅།།ཀྲུང་གོའི་ཁེ་ལས་ཀྱིས་བྷང་ག་ལར་གསར་དུ་ལས་གྲྭ་འགན་གཙང་ལེན་པའི་གན་འཇོག་བསྡོམས་འབོར་ཨེ་ཤེ་ཡ་ལྷོ་
མའི་ཨང་དང་པོར་སླེབས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་11ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་ཁ་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་བྷང་ག་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཙུའོ་ཡིས་འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་བྷང་ག་ལར་གསར་དུ་ལས་གྲྭ་འགན་གཙང་ལེན་པའི་གན་འཇོག་བསྡོམས་འབོར་ཨ་སྒོར་དུང་ཕྱུར་38.4ཟིན་ནས་དུས་མཚུངས་ཀྱི་ཀྲུང་གོའི་ཁེ་ལས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དང་གསར་དུ་ལས་གྲྭ་འགན་གཙང་གི་གན་འཇོག་བསྡོམས་འབོར་ཁྲོད་ཨང་དང་པོར་སླེབས་ཡོད་ཅེས་བརྗོད་པ་རེད།
    ཚེས་8ཉིན་བྷང་ག་ལ་ཡི་རྒྱལ་ས་ཏ་ཁ་རུ་འཚོགས་པའི“ཀྲུང་བྷང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལས་འབྱུང་འགྱུར་སྔོན་ཤེས་ཐུབ་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བགྲོ་གླེང་ཚོགས་འདུའི་ཐོག་ཀྲང་ཙུའོ་ཡིས་ཉེ་བའི་ལོ་ཤས་རིང་ཀྲུང་བྷང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་ཀྲུང་བྷང་ཕྱོགས་གཉིས་པོའི་མཐའ་མཚམས་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་139ཟིན་ནས་དུས་མཚུངས་ལས་19.3%འཕར་བ་དང་། བྷང་ག་ལའི་དངུལ་རྩའི་རིགས་མིན་པར་ཀྲུང་གོས་ཐད་ཀར་མ་འཇོག་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1.2ཟིན་ནས་དུས་མཚུངས་ལས་201.9%འཕར་ཡོད་ཅེས་བརྗོད་པ་རེད།
    ཀྲང་ཙུའོ་ཡིས་ཀྲུང་གོ་ཕྱོགས་ཀྱིས་འཕེལ་རྒྱས་རྒྱུད་རོགས་སྐྱོར་དང་། དཔལ་འབྱོར་ཚོང་དོན་མ་འཇོག རྨང་གཞིའི་སྒྲིག་བཀོད་མཉམ་ལས་སོགས་ཀྱི་ཐབས་ལམ་བརྒྱུད་ཀྲུང་གོའི་ཁེ་ལས་བྷང་ག་ལའི་དཔལ་འབྱོར་འཛུགས་སྐྲུན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། དེ་དང་ཆབས་ཅིག་བྷང་ག་ལའི་སྤྱི་ཚོགས་ལས་རིགས་ཁག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།