འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་11ཉིན།

༄༅།།དམངས་ཁྲོད་སྒྱུ་རྩལ། སུང་ཤིས་བརྐོས་རིས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་11ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཉེ་བའི་ལོ་ཤས་རིང་། ཧྥུའུ་ཅན་ཞིང་ཆེན་སུང་ཤིས་རྫོང་གི་བརྐོས་རིས་སྒྱུ་རྩལ་གསར་གཏོད་པས་སུང་ཤིས་ཀྱི་བརྐོས་རིས་ཁང་དང་དམངས་ཁྲོད་བརྐོས་རིས་མཐུན་ཚོགས་རྟེན་གཞིར་བྱས་ནས་དམངས་ཁྲོད་ཀྱི་བརྐོས་རིས་སྒྱུ་རྩལ་གསར་རྩོམ་ཧུར་ཐག་བྱས་པ་རེད། མིག་སྔར་སུང་ཤིས་རྫོང་དུ་ཆེད་ལས་ལས་རིགས་དང་ལས་ཞོར་བརྐོས་རིས་འབྲི་མཁན་བརྒྱ་ལྷག་ཙམ་ཡོད་པ་དང་། བརྐོས་རིས་འབྲི་བར་དགའ་བའི་སློབ་མ་ཆིག་སྟོང་ལྷག་ཙམ་ཡོད། ཧྥུའུ་ཅན་བྱང་རྒྱུད་རི་ཁུལ་དུ་གནས་པའི་སུང་ཤིས་རྫོང་དུ་བརྐོས་རིས་འབྲི་བའི་ལོ་རྒྱུས་ཡུན་རིང་ལྡན་པ་དང་དེར“ཀྲུང་གོའི་དམངས་ཁྲོད་བརྐོས་རིས་སྒྱུ་རྩལ་གྱི་ཕ་ཡུལ”དུ་གྲགས།