འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་11ཉིན།

༄༅།།འགན་འཁྲི་དང་བརྩེ་བ་བཅངས་ཏེ་དམག་ཞབས་ཐིམས་པའི་དམག་མི་ཁག་གཅིག་གི་ཡིག་བསྐུར་ངོ་བཅར་ལས་
དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་11ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུས་བརྡ་ཐོ་བཏང་སྟེ། ས་གནས་ཁག་གིས་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་ཐིང(ཅུས)གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ས་གནས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་འགན་འཁྲི་དང་བརྩེ་བ་བཅངས་ནས་དམག་ཞབས་ཐིམས་པའི་དམག་མིའི་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱ་ཆེའི་དམག་ཞབས་ཐིམས་པའི་དམག་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
     བརྡ་ཐོའི་ནང་། ཉེ་དུས་དམག་ཞབས་ཐིམས་པའི་དམག་མིས་ཡིག་བསྐུར་ངོ་བཅར་བྱས་ནས་སྲིད་ཇུས་འགའ་དོན་འཁྱོལ་གནད་སྨིན་མེད་པར་བརྗོད་པའི་མངོན་གསལ་དོད་པའི་གནད་དོན་དང་ཟུང་འབྲེལ་བྱས་ཏེ་གྱོད་དོན་སྒྲུབ་སྐུལ་དང་གྱོད་དཔེ་དྲངས་ནས་ལྟ་ཞིབ་བྱེད་པའི་ཐབས་ཤེས་སྤྱད་དེ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་དང་རིམ་པ་བཞིན་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་སྲིད་ཇུས་དང་གཏན་འབེབས་ཡོད་རིགས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་བསྟན་ཡོད།
     བརྡ་ཐོའི་ནང་། དྲང་ཕྱོགས་ཀྱི་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ“དམག་ཞབས་ཐིམས་པའི་དམག་མི་ཡག་ཤོས”ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་གཞི་རྟེན་དུ་བྱས་ནས་འཆར་གཞི་དང་གོ་རིམ་ལྡན་པའི་ངང་ས་གནས་དེ་གའི་དམག་ཞབས་ཐིམས་པའི་དམག་མི་ཚོགས་སྤྱིའི་སྔོན་ཐོན་དཔེ་མཚོན་བྱས་རྗེས་འོས་འདེམས་དང་གཅིག་སྡུད་ངང་དྲིལ་བསྒྲགས་ཀྱིས་རྒྱ་ཆེའི་དམག་ཞབས་ཐིམས་པའི་དམག་མིའི་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱ་རྒྱུར་ཁྲིད་སྟོན་དང་སྒྲིག་བཀུར་ཁྲིམས་སྲུང་གི་མིག་དཔེ་བཏོད་དེ་དམག་ཞབས་ཐིམས་པའི་དམག་མིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་འབད་འབུངས་ཡར་བརྩོན་གྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས། དྲང་ཕྱོགས་ཀྱི་གླེང་ཕྱོགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རྒྱ་ཆེའི་དམག་ཞབས་ཐིམས་པའི་དམག་མིས་རང་རྟོགས་ངང་ཁྲིམས་ལུགས་ཁྲིམས་སྲོལ་ལ་སྲུང་བརྩི་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་རང་འགུལ་ངང་སྲུང་བརྩི་ཞུ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་བྱས་ཡོད།
     བརྡ་ཐོའི་ནང་། དམག་ཞབས་ཐིམས་པའི་དམག་མིར་ཞབས་འདེགས་ཞུ་བ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གནད་ལ་འཁེལ་བའི་ཞབས་ཞུ་དང་ཞིབ་ཚགས་པའི་དོ་དམ་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། འཚམས་འདྲི་བྱེད་པར་ཟབ་སྐྱོད་ཀྱིས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་སོགས་ཀྱི་དུས་ཆེན་གལ་ཆེན་དང་ཟུང་འབྲེལ་བྱས་ནས། འཚམས་འདྲིའི་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་དོན་དངོས་ཀྱི་གནད་དོན་ཐག་གཅོད་དང་བསམ་བློའི་ལས་དོན་སྤེལ་རྒྱུ་ཟུང་འབྲེལ་དང་། དམག་ཞབས་ཐིམས་པའི་དམག་མི་འགར་གསེད་བཀྲོལ་བྱེད་པའི་ལས་དོན་དང་དམག་ཞབས་ཐིམས་པའི་དམག་མིའི་ཁྱིམ་མིར་ཁ་ཏ་བསླབ་བྱ་གཏོང་བའི་ལས་དོན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བསམ་བློའི་བཀག་རྒྱ་བསལ་ནས་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པར་བྱེད་དགོས། “གཅིག་གཏད་གཅིག”གི་རོགས་སྐྱོར་བྱས་ནས་རོགས་སྐྱོར་ལམ་སྲོལ་བཙུགས་པ་བརྒྱུད་སྤྱི་ཚོགས་ཀྱི་འགན་ལེན་དང་། གནས་སྐབས་རོགས་སྐྱོར། སྡོད་ཁང་དང་སྨན་བཅོས་བཅས་ཀྱི་སྲིད་ཇུས་ཆ་ཚང་བེད་ཡག་པོ་སྤྱད་དེ་འཚོ་བར་དཀའ་ངལ་ཡོད་རིགས་ལ་མཐའ་སྐྱོང་གི་བྱ་ཐབས་ནན་ཏན་སྤྱད་ནས་ཁོང་ཚོའི་གཞི་རྩའི་འཚོ་བ་འགན་ལེན་ཐུབ་པ་བྱེད་དགོས་པ་ཁ་གསལ་བསྟན་ཡོད།