མི་དམངས་དྲ་བ།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་ལྟ་སྦྱོང་དང་བརྟག་ཞིབ་བྱེད་སྒོའི་ནང་དབུལ་སྐྱོར་ཐོན་རྫས་
སྤྲོད་ལེན་བྱེད་ མི་ཆོག་པའི་བརྡ་ཐོ་བཏང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་10ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

              ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་བརྡ་ཐོ་བཀྲམ་ནས་ཐོན་ལས་དབུལ་སྐྱོར་ནང“ངོ་སྲུང་ལག་རྟགས”སྤྲོད་པའི་བྱེད་སྤྱོད་མཐའ་གཅིག་ཏུ་མཚམས་འཇོག་བྱེད་དགོས་ལུགས་ཁ་གསལ་བཏོན་པ་དང་འབྲེལ་ས་གནས་ཁག་གིས་དབུལ་སྐྱོར་ལྟ་སྦྱོང་དང་བརྟག་ཞིབ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་སྐབས་དབུལ་སྐྱོར་ཐོན་རྫས་སྒྲིག་མི་ཆོག་པ་དང་སྤྲོད་མི་ཆོག་ལ་བྱེད་སྒོའི་ནང་ཞུགས་མཁན་གྱིས་དབུལ་སྐྱོར་ཐོན་རྫས་ཀྱི་བྲོ་བ་ལྟ་མི་ཆོག་པ་དང་དབུལ་སྐྱོར་ཐོན་རྫས་ཀྱང་ལེན་མི་ཆོག་པའི་བླང་བྱའང་བཏོན་ཡོད།
            བརྡ་ཐོའི་ནང་ད་ཕན་ལོ་ཤས་རིང་ས་གནས་ལ་ལས་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང“ངོ་སྲུང་ལག་རྟགས”སྤྲོད་པའི་གནས་ཚུལ་ཡོད་པ་དང་། ས་གནས་དང་ཁེ་ལས་ལ་ལས“ངོ་སྲུང་ངམ”ཡང་ན་ཐོན་རྫས་ཁྱབ་གདལ་དང་སྤུས་རྟགས་དྲིལ་བསྒྲགས་བྱེད་རོགས་སོགས་ཀྱི་མིང་ཐོག་ནས་སློབ་སྦྱོང་དང་། རྟོག་ཞིབ། བརྟག་ཞིབ་བཅས་བྱེད་པར་ཡོང་མཁན་ལ“དབུལ་སྐྱོར་ཁྱད་ལྡན་ཐོན་རྫས”སྤྲོད་པ། ཚན་པ་དང་མི་ལ་ལས་གོ་སྐབས་དང་བསྟུན་ནས་ཁྱད་ལྡན་ཡུལ་ཟོག་ལེན་པ་བཅས་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།
           བརྡ་ཐོའི་ནང་ཐོན་ལས་དབུལ་སྐྱོར་ནང་གི“ངོ་སྲུང་ལག་རྟགས”སྤྲོད་པའི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། ཐོན་ལས་དབུལ་སྐྱོར་བརྒྱུད་རིམ་ནང་ཐོན་པའི“ངོ་སྲུང་་ལག་རྟགས”སྤྲོད་པའི་གནས་ཚུལ་ཉུང་ཉུང་ཡིན་མོད། འོན་ཀྱང་ཉིན་བཞིན་ཇེ་གསོག་ཇེ་མང་དུ་སོང་ན་དབུལ་སྐྱོར་ཁེ་ལས་དང་དབུལ་སྐྱོར་མཉམ་ལས་ཁང་གི་ཁུར་པོ་ལྕི་རུ་ཕྱིན་ཏེ་མང་ཚོགས་དབུལ་པོའི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་པ་དང་ཏང་དང་སྲིད་གཞུང་གི་གཟུགས་བརྙན་ལ་གནོད་རྒྱུ་ཡིན་པ། དེའི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་སྔ་ཙམ་དང་ཆུང་ས་ནས་དམ་འཛིན་དང་། གནས་ཚུལ་མ་ཐོན་གོང་ནས་འགོག་པ། སྐྱོན་ཆུང་དུས་ནས་སེལ་དགོས་པ་བཅས་ཀྱི་བླང་བྱ་འདོན་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།
           བརྡ་ཐོའི་ནང་ཐོན་ལས་དབུལ་སྐྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས་པ་དང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགུལ་ངང་ཐོན་ལས་དབུལ་སྐྱོར་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་པ། ཐོན་ལས་དབུལ་སྐྱོར་གྱི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། དུས་ཐོག་ཏུ་དབུལ་སྐྱོར་ཁེ་ལས་དང་མཉམ་ལས་ཁང་སོགས་ལ་རོགས་རམ་བྱས་ཏེ་དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་བཅས་བྱས་ཏེ། “དངོས་པོ་མ་བླངས་ན་དོན་དག་མི་སྒྲུབ་པ”དང་རྐང་བཙུགས་ནས་ཁག་པོ་བཟོ་བ་སོགས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་འགོག་དགོས་པ། དབུལ་སྐྱོར་ཐོན་རྫས་ཐོན་ཚོང་འབྲེལ་མཐུད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་འཛད་སྤྱོད་དབུལ་སྐྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
          བརྡ་ཐོའི་ནང་འབྲེལ་ཡོད་འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་ཚོས་རང་རྟོགས་ངང“ངོ་སྲུང་ལག་རྟགས”སྤྲོད་པའི་བྱེད་སྤྱོད་འགོག་པ་དང་རང་རྟོགས་ངང་སྤྱོད་གཙང་དབུལ་སྐྱོར་ཐད་མིག་དཔེ་སྟོན་དགོས་པ་དང་མཚམས་དང་ཚོད་མི་བྱེད་མཁན་གྱི་ཚན་པ་དང་མི་སྒེར་གཅིག་ཤེས་རྟོགས་བྱུང་ན་གཅིག་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་དང་གནས་ཚུལ་ཚབས་ལྕི་བ་དང་ཤུགས་རྐྱེན་ངན་པ་བཟོ་མཁན་ཐག་གཅོད་ནན་པོ་བྱེད་པ་དང་འབྲེལ་བརྡ་ཁྱབ་བཏང་ནས་དམར་འདོན་བྱེད་དགོས་ཞེས་བསྟན་ཡོད།

  
style="display:none;"