འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་10ཉིན།

༄༅།།རང་རྒྱལ་གྱིས་ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་གྱི་བརྟག་ཞིབ་ཡོ་བྱད་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ། 

མིའི་རིགས་ཀྱིས་ཟླ་བའི་གོ་ལའི་རྒྱབ་ངོས་སུ་ཐེངས་དང་པོར་སྐྱོན་མེད་ཐང་ འབབ་ཀྱི་བརྟག་ཞིབ་བྱེད་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་10ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་ཤིས་ཁྲང་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་12ཚེས་8ཉིན་གྱི་ཆུ་ཚོད་2དང་སྐར་མ་23ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་གྱི་བརྟག་ཞིབ་ཡོ་བྱད་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་ནས། ཟླ་བའི་གོ་ལར་བརྟག་ཞིབ་བྱེད་པའི་འགྲུལ་བཞུད་གསར་པ་འགོ་ཚུགས་པ་རེད། འདི་ནི་ཟླ་12ཚེས་8ཉིན་གྱི་ཆུ་ཚོད་2དང་སྐར་མ་23ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་གྱི་བརྟག་ཞིབ་ཡོ་བྱད་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་ནས། ཟླ་བའི་གོ་ལར་བརྟག་ཞིབ་བྱེད་པའི་འགྲུལ་བཞུད་གསར་པ་འགོ་ཚུགས་པའི་གནས་ཚུལ་ཡིན་པ།
           ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་གྱི་ལས་གྲྭའི་ལས་འགན་ནི། གཅིག་ནས་ཟླ་བའི་གོ་ལའི་བར་མཐུད་འཕྲིན་གཏོང་སྲུང་སྐར་ཞིབ་བཟོ་བྱས་ནས་འཕེན་གཏོང་བྱས་ཏེ། རྒྱལ་སྤྱིའི་སའི་གོ་ལ་དང་ཟླ་བའི་གོ་ལའི་མ་ལག་གི་ལཱ་ཀེ་ལང་རི་L2ཀྱི་ཚད་ལེན་ཚོད་འཛིན་དང་བར་མཐུད་འཕྲིན་གཏོང་ཐེངས་དང་པོ་བྱ་རྒྱུ་དང་། གཉིས་ནས་ཟླ་བའི་གོ་ལའི་ཐོག་འབེབས་བྱེད་ཡོ་བྱད་དང་དེར་སྐོར་ཞིབ་ཡོ་བྱད་ཞིབ་བཟོ་བྱས་ནས་འཕེན་གཏོང་བྱས་ཏེ། རྒྱལ་སྤྱིའི་ཟླ་བའི་གོ་ལའི་རྒྱབ་ངོས་སུ་ཐེངས་དང་པོར་སྐྱོན་མེད་ཐང་འབབ་བྱས་ཏེ་དེར་སྐོར་ཞིབ་བརྟག་ཞིབ་བྱ་རྒྱུ་ཡིན་པ་རེད།
         རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་སྒོ་དབྱེ་མཉམ་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་ཆེད། ཟླ་བའི་ལྷ་མོ་ཨང་བཞི་པ་རྟགས་ཅན་གྱི་ལས་འགན་སྒྲུབ་པའི་ཁྲོད། ཧོ་ལན་དང་། འཇར་མན། སུའེ་ཏེན། སོ་ཏི་ཨ་རབ་བཅས་དང་མཉམ་དུ་རྒྱལ་སྤྱིའི་མཉམ་ལས་ཐད་ཀྱི་ཚན་ཞིབ་རྣམ་གྲངས་4སྤེལ་རྒྱུ་མ་ཟད། ཧའར་པིན་བཟོ་ལས་སློབ་ཆེན་དང་། ཀྲུང་ཧྲན་སློབ་ཆེན། ཁྲུང་ཆིང་སློབ་ཆེན་སོགས་རྒྱལ་ནང་གི་མཐོ་སློབ་ཁག་གིས་ཞིབ་བཟོ་བྱས་པའི་ཚན་རིག་ལག་རྩལ་གྱི་ཚོད་ལྟའི་རྣམ་གྲངས་3ཡང་སྤེལ་རྒྱུ་རེད།