འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་10ཉིན།

༄༅།།སྣོད་བཅུད་ཁོར་ཡུག་པུས་ཚད་བརྒལ་ཚབས་ཆེན་གྱི་གཙོ་གནད་བཙོག་འབུད་ཚན་པ་123གྱི་མིང་ཐོ་སྤྱི་
བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་10ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྣོད་བཅུད་ཁོར་ཡུག་པུས་སྦགས་བཙོག་དངོས་པོ་འབུད་གཏོང་ཚད་བརྒལ་ཚབས་ཆེན་གྱི་བཙོག་འབུད་ཚན་པ་123དང་ཆད་གཅོད་དག་ཐེར་གྱི་གནས་ཚུལ་སྤྱི་བསྒྲགས་བྱས་པ་རེད།
     ཚད་བརྒལ་ཚབས་ཆེན་གྱི་བཙོག་འབུད་ཚན་པའི་ནང་བཙོག་ཆུ་གཙང་གསེང་བཟོ་གྲྭ་78ཀྱིས་བསྡོམས་འབོར་གྱི་63.4%བཟུང་བ་དང་། རླངས་སྙིགས་དང་འབྲེལ་བའི་བཙོག་འབུད་ཚན་པ་ཁྱོན་30ཡོད་པ་དེས་བསྡོམས་འབོར་གྱི་24.4%བཟུང་ཡོད། ས་ཁུལ་ཁྱབ་ཚུལ་ནས་བལྟས་ན། ཤིན་ཅང(ཚན་པ་27)དང་། ཧྲན་ཤིས(ཚན་པ་15) ནང་སོག(ཚན་པ་14) ལིའོ་ཉིང(ཚན་པ་14)བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་4ཡི་ཚད་བརྒལ་ཚབས་ཆེན་གྱི་བཙོག་འབུད་ཚན་པའི་གྲངས་འབོར་ཅུང་མང་བ་དང་ཁྱོན་70ཡོད་པ་དེས་བསྡོམས་འབོར་གྱི་56.9%བཟུང་ཡོད། རིམ་ཁག་ས་གནས་སྣོད་བཅུད་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱིས་ཚན་པ་75ལ་ཉེས་ཆད་བཏང་ནས་ཁྱོན་དངུལ་སྒོར་ཁྲི་7908ཀྱི་ཆད་པ(དེའི་ནང་ཚན་པ་11ལ་ཉེས་ཆད་ཁྱོན་སྒོར་ཁྲི་5578བཏང་ཡོད)བཅད་པ་མ་ཟད། ཚན་པ་1ལ་ཐོན་སྐྱེད་བྱེད་མཚམས་འཇོག་ཏུ་བཅུག་པ་དང་། ཚན་པ་122ལ་ཡོ་བསྲང་བྱེད་དུ་བཅུག་པ། ཚན་པ་6ལ་ཐོན་སྐྱེད་བྱེད་མཚམས་འཇོག་ཏུ་བཅུག་ནས་བཅོས་སྒྲིག་བྱེད་དུ་བཅུག་པ། ཚན་པ་1སྒོ་རྒྱག་ཏུ་བཅུག་པ(བཙོག་འབུད་ཚན་པ་ཁག་གཅིག་ལ་དུས་མཉམ་དུ་ཐག་གཅོད་བྱེད་ཐབས་གཉིས་ཡན་གྱི་ཉེས་ཆད་བཏང་ཡོད)བཅས་བྱས་པ་རེད།
     སྣོད་བཅུད་ཁོར་ཡུག་པུས་ཞིབ་བཤེར་ཐེངས་མང་བྱས་ཀྱང་ཡོ་བསྲང་མི་བྱེད་པ་དང་ཡུན་རིང་ཚད་བརྒལ་གྱི་བཙོག་འབུད་ཚན་པ་28ལ་མངོན་གསལ་ཐོག་མིང་སྦྱར་ལྟ་སྐུལ་བྱས་ཏེ་ཚན་པ་རེ་རེ་བཞིན་ལ་ལྟ་སྐུལ་གྱི་བླང་བྱ་དང་བཅོས་སྒྲིག་གི་དུས་བཀག་གསལ་བཟོ་བྱས་པ་དང་འབྲེལ། གནས་ཡུལ་གྱི་ཞིང་ཆེན་རིམ་པའི་སྣོད་བཅུད་ཁོར་ཡུག་གཙོ་གཉེར་སྡེ་ཚན་གྱིས་འབྲེལ་ཡོད་ས་གནས་ཀྱི་མི་དམངས་སྲིད་གཞུང་དང་ཚན་པར་ལྟ་སྐུལ་སྒྲུབ་གཉེར་གྱི་བླང་བྱ་དོན་འཁྱོལ་བྱ་རྒྱུར་སྐུལ་མ་བཏང་ནས་ཞིབ་བཤེར་ཐག་གཅོད་དོན་འཁྱོལ་དང་། དག་ཐེར་དོན་འཁྱོལ། འགན་འཁྲི་རྩད་གཅོད་དོན་འཁྱོལ་བཅས་ཐུབ་པར་བྱེད་པ་དང་སྦྲགས། ཞིབ་བཤེར་ཐག་གཅོད་ཀྱི་གནས་ཚུལ་དང་དག་ཐེར་གྱི་གནས་ཚུལ་དུས་ཐོག་ཏུ་སྤྱི་བསྒྲགས་བྱེད་དགོས། ལྟ་སྐུལ་སྒྲུབ་གཉེར་གྱི་དོན་གནད་མི་སྒྲུབ་པ་དང་། སྒྲུབ་ཤུགས་ཞན་པ། ཡང་ན་ལྟ་སྐུལ་སྒྲུབ་གཉེར་བྱེད་རིང་ལྷད་གཏོང་རྫུན་བཟོ་བྱེད་རིགས་ལ་ཁྲིམས་སྲོལ་ལྟར་འགན་འཁྲི་རྩད་གཅོད་ཀྱི་འགྲོ་ལུགས་གཉེར་རྒྱུ་རེད།
     སྣོད་བཅུད་ཁོར་ཡུག་པུའི་འབྲེལ་ཡོད་འགན་འཁུར་བས། སྦགས་བཙོག་དངོས་པོ་ཚད་ལོན་འབུད་གཏོང་ནི་ཁེ་ལས་དང་བྱ་གཞག་ཚན་པའི་ཁོར་ཡུག་ཁྲིམས་སྲུང་གི་མཐའ་ཚད་ཡིན་པས། ས་གནས་ཁག་གིས་ཁེ་ལས་དང་བྱ་གཞག་ཚན་པར་སྐུལ་མ་བཏང་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། སྦགས་བཙོག་དངོས་པོ་བརྟན་པོ་དང་ཚད་ལོན་གྱི་འབུད་གཏོང་བྱེད་དགོས་ཞེས་བརྗོད་པ་རེད།