འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་10ཉིན།

༄༅།།དྲོ་སྐྱིད་ལྡན་པའི་ལྟ་སྐྱོང་། 

—— ཤིན་སྐྱོར་སྨན་པས་བྱང་རྒྱུད་འབྲོག་ཁུལ་དུ་སྐོར་སྐྱོད་སྨན་བཅོས་བྱས་པའི་མཐོང་ཐོས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་10ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།དྲོ་སྐྱིད་ལྡན་པའི་ལྟ་སྐྱོང་།
          གངས་ཆེན་པོ་ཞིག་བབས་རྗེས་ཤིན་ཅང་བྱང་རྒྱུད་ཀྱི་འབྲོག་ཁུལ་ཐ་ཁྲེང་ས་ཁུལ་དུ་དྲོད་ཚད་མྱུར་དུ་ཆག་པ་དང་། ཞིང་འབྲོག་པ་དགུན་དུས་ཕྱིར་སྐྱོད་བདེ་པོ་མེད་པ་དེས་སྨན་པ་བསྟེན་རྒྱུར་དཀའ་ངལ་ཆེན་པོ་བཟོས་ཡོད། དེར་བརྟེན་ཀྲུང་གོ་གསོ་རིག་སློབ་ཆེན་གྱི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤིན་སྐྱོར་རུ་ཁག་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་སྐོར་སྐྱོད་སྨན་བཅོས་བྱས་ཤིང་། འདི་ནི་ཟླ་12ཚེས་6ཉིན་ཤིན་སྐྱོར་སྨན་པ་ཀའོ་ཡོན(དཀྱིལ)གྱིས་ས་གནས་དེ་གའི་སྨན་དོན་མི་སྣའི་སྣེ་འཁྲིད་དེ་འབྲོག་པའི་ཁྱིམ་དུ་ནད་བརྟག་སྨན་བཅོས་ཀྱི་ཞབས་འདེགས་ཞུ་བཞིན་པ།